完整藏文原文 · 德格版页 当前仅加载第 23 函德格 216a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
འབྱུང་སྟེ། དེ་ལ་དེ་དགེ་བའི་བཤེས་གཉེན་ལ་{མྱི་,མི་}སྟེན་{མྱི་,མི་}སྟེན་ཅིང་{མྱི་,མི་}འགྲོགས་ལ། བསྙེན་བཀུར་མི་བྱེད་ན། དེ་ཉིད་དུ་བདུད་ཀྱིས་བཅིངས་པ་དེ་དམ་པོར་བྱེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་
D8.023.0216a01.01ལ་མ་སྤྱད་པ་དང་། ཐབས་མཁས་པས་ཡོངས་སུ་མ་བཟུང་བའི་ཕྱིར་ཏེ། རབ་འབྱོར་དེ་ལྟ་བུ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་
D8.023.0216a02.01ཆེན་པོ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མ་སྤྱད་པ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་སྤྱད་པ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་མ་སྤྱད་པ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་སྤྱད་པ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་སྤྱད་
D8.023.0216a03.01པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་སྤྱད་པ། དྲན་པ་ཉེ་བར་གཞག་པ་བཞི་ལ་མ་སྤྱད་པ། ཡང་དག་པར་སྤོང་བ་བཞི་ལ་མ་སྤྱད་པ། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་མ་སྤྱད་པ། དབང་པོ་ལྔ་ལ་མ་སྤྱད་པ། སྟོབས་ལྔ་ལ་མ་སྤྱད་པ། བྱང་ཆུབ་ཀྱི་
D8.023.0216a04.01ཡན་ལག་བདུན་ལ་མ་སྤྱད་པ། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་མ་སྤྱད་པ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་{མྱེད་,མེད་}པ་དང་། སྨོན་པ་{མྱེད་,མེད་}པ་ལ་མ་སྤྱད་པ། སྐྱོན་མེད་པར་མ་ཆུད་པའི་དྲུང་དུ་བདུད་སྡིག་ཏོ་ཅན་{མྱིང་,མིང་}གི་བྱིན་གྱི་རླབས་
D8.023.0216a05.01ཀྱིས་ཉེ་བར་འོང་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བདུད་སྡིག་ཏོ་ཅན་ཆ་བྱད་གང་ཡང་རུང་བས་ཉེ་བར་འོངས་ཤིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་འདི་སྐད་དུ། རིགས་ཀྱི་བུ་ཁྱོད་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་
D8.023.0216a06.01རྫོགས་པའི་སངས་རྒྱས་ཀྱིས་བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་སྟེ། ཁྱོད་ཀྱི་{མྱིང་,མིང་}ནི་འདི་ཞེས་བྱའོ། །ཁྱོད་ཀྱི་ཕའི་{མྱིང་,མིང་}ནི་འདི་ཞེས་བྱའོ། །ཁྱོད་ཀྱི་མའི་{མྱིང་,མིང་}ནི་འདི་ཞེས་བྱའོ། །ཁྱོད་ཀྱི་ཕུ་ནུའི་{མྱིང་,མིང་}ནི་འདི་ཞེས་བྱའོ། །
D8.023.0216a07.01