完整藏文原文 · 德格版页 当前仅加载第 23 函德格 160a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
{མྱེད་,མེད་}དེ། དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་{མྱི་,མི་}འཇིགས་པའི་དེ་བཞིན་ཉིད་དེ་ལ་{མྱི་,མི་}འཇིགས་པ་རྣམས་ཀྱང་{མྱེད,མེད}། {མྱི་,མི་}འཇིགས་པ་རྣམས་ལས་གུད་ན་ཡང་དེ་བཞིན་ཉིད་
D8.023.0160a01.01{མྱེད་,མེད་}དེ། {མྱི་,མི་}འཇིགས་པ་རྣམས་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་སོ་སོ་ཡང་དག་པར་རིག་པའི་དེ་བཞིན་ཉིད་དེ་ལ། སོ་སོ་ཡང་དག་པར་རིག་པ་རྣམས་ཀྱང་{མྱེད,མེད}། སོ་སོ་ཡང་དག་པར་རིག་པ་རྣམས་ལས་གུད་ན་ཡང་དེ་
D8.023.0160a02.01བཞིན་ཉིད་{མྱེད་,མེད་}དེ། སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་བྱམས་པ་ཆེན་པོའི་དེ་བཞིན་ཉིད་དེ་ལ། བྱམས་པ་ཆེན་པོ་ཡང་{མྱེད,མེད}། བྱམས་པ་ཆེན་པོ་ལས་གུད་ན་ཡང་དེ་བཞིན་ཉིད་{མྱེད་,མེད་}དེ། བྱམས་པ་
D8.023.0160a03.01ཆེན་པོའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་སྙིང་རྗེ་ཆེན་པོའི་དེ་བཞིན་ཉིད་དེ་ལ། སྙིང་རྗེ་ཆེན་པོ་ཡང་{མྱེད,མེད}། སྙིང་རྗེ་ཆེན་པོ་ལས་གུད་ན་ཡང་དེ་བཞིན་ཉིད་{མྱེད་,མེད་}དེ། སྙིང་རྗེ་ཆེན་པོའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་སངས་རྒྱས་ཀྱི་ཆོས་
D8.023.0160a04.01མ་འདྲེས་པའི་དེ་བཞིན་ཉིད་དེ་ལ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱང་{མྱེད,མེད}། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལས་གུད་ན་ཡང་དེ་བཞིན་ཉིད་{མྱེད་,མེད་}དེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །
D8.023.0160a05.01རབ་འབྱོར་རྒྱུན་ཏུ་ཞུགས་པའི་འབྲས་བུའི་དེ་བཞིན་ཉིད་དེ་ལ། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡང་{མྱེད,མེད}། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལས་གུད་ན་ཡང་། དེ་བཞིན་ཉིད་{མྱེད་,མེད་}དེ། རྒྱུན་ཏུ་ཞུགས་པའི་འབྲས་བུའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་
D8.023.0160a06.01འབྱོར་ལན་ཅིག་ཕྱིར་འོང་བའི་འབྲས་བུའི་དེ་བཞིན་ཉིད་དེ་ལ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡང་{མྱེད,མེད}། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལས་གུད་ན་ཡང་དེ་བཞིན་ཉིད་{མྱེད་,མེད་}དེ། ལན་ཅིག་ཕྱིར་འོང་བའི་འབྲས་བུའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །
D8.023.0160a07.01