shes rab kyi pha rol tu phyin pa stong phrag brgya pa/
当前为德格木刻版 94a。藏文 NFD 原样保留,并提供可引用的稳定行号。
- 本页内容
- 藏文原典 · 德格版页
- 德格版页
- 94a
- 可引用原文
- 7 行
- 全文规模
- 全经 65909 稳定行段
- 责任者
- 藏译责任依各经题记;本批次未逐条裁决
- 正文语种
- 藏文
- 权利
- Public Domain;保留固定提交、版本边界与来源署名
函目录 · 13 函第 23 函 · 德格 94a
选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。
我的选文བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་དུ་གནས་པར་བྱའོ། །སེམས་ཅན་ཐམས་ཅད་ལ་མཉམ་པའི་སེམས་བསྐྱེད་པར་བྱ་སྟེ། {མྱི་,མི་}མཉམ་པའི་སེམས་བསྐྱེད་པར་{མྱི་,མི་}བྱའོ། །སེམས་ཅན་ཐམས་ཅད་ལ་མཉམ་པའི་སེམས་ཀྱིས་{དམྱིགས་,དམིགས་}པར་བྱ་སྟེ། {མྱི་,མི་}མཉམ་པའི་སེམས་ཀྱིས་{དམྱིགས་,དམིགས་}པར་{མྱི་,མི་}བྱའོ། །སེམས་ཅན་ཐམས་ཅད་ལ་བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་བསྐྱེད་པར་བྱའོ། །སེམས་ཅན་ཐམས་ཅད་ལ་བྱམས་པའི་
སེམས་ཀྱིས་{དམྱིགས་,དམིགས་}པར་བྱ་སྟེ། བརླང་བའི་སེམས་ཀྱིས་{དམྱིགས་,དམིགས་}པར་{མྱི་,མི་}བྱའོ། །སེམས་ཅན་ཐམས་ཅད་ལ་ང་རྒྱལ་{མྱེད་,མེད་}པར་བྱའོ། །སེམས་ཅན་ཐམས་ཅད་ལ་གཡོ་{མྱེད་,མེད་}པར་བྱའོ། །སེམས་ཅན་ཐམས་ཅད་ལ་ཕན་པའི་སེམས་བསྐྱེད་པར་བྱ་སྟེ། གནོད་པའི་སེམས་བསྐྱེད་པར་{མྱི་,མི་}བྱའོ། །སེམས་ཅན་ཐམས་ཅད་ལ་ཕན་པའི་སེམས་ཀྱིས་{དམྱིགས་,དམིགས་}པར་བྱ་སྟེ། གནོད་པའི་སེམས་ཀྱིས་{དམྱིགས་,དམིགས་}པར་{མྱི་,མི་}བྱའོ། །སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བ་{མྱེད་,མེད་}པའི་སེམས་བསྐྱེད་པར་བྱ་སྟེ། ཁོང་
ཁྲོ་བའི་སེམས་{མྱི་,མི་}བསྐྱེད་དོ། །སེམས་ཅན་ཐམས་ཅད་ལ་མི་འཚེ་བའི་སེམས་བསྐྱེད་པར་བྱ་སྟེ། འཚེ་བའི་སེམས་{མྱི་,མི་}བསྐྱེད་དོ། །སེམས་ཅན་ཐམས་ཅད་ལ་{མྱི་,མི་}འཚེ་བའི་སེམས་ཀྱིས་{དམྱིགས་,དམིགས་}པར་བྱ་སྟེ། འཚེ་བའི་སེམས་ཀྱིས་{དམྱིགས་,དམིགས་}པར་{མྱི་,མི་}བྱའོ། །སེམས་ཅན་ཐམས་ཅད་ལ་མའི་སེམས་དང་། ཕའི་སེམས་དང་། ཕུ་ནུའི་སེམས་དང་། སྲིང་མོའི་སེམས་དང་། བུ་དང་བུ་མོའི་སེམས་དང་གྲོགས་པོ་དང་། མཛའ་བཤེས་ཀྱི་སེམས་དང་། གཉེན་པ་དང་རུས་གཅིག་པའི་སེམས་བསྐྱེད་པར་བྱའོ། །སེམས་ཅན་ཐམས་
ཅད་ལ་མ་དང་། ཕའི་སེམས་དང་། ཕུ་ནུ་དང་། སྲིང་མོའི་སེམས་དང་། བུ་དང་བུ་མོའི་སེམས་དང་། གྲོགས་པོ་དང་། མཛའ་བཤེས་ཀྱི་སེམས་དང་། གཉེན་པ་དང་། རུས་གཅིག་པའི་སེམས་ཀྱིས་{དམྱིགས་,དམིགས་}པར་བྱའོ། །བདག་གིས་ཀྱང་སྲོག་གཅོད་པ་སྤང་
版本与引用信息
母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。
- 目录
- 德格目录 D8
- 德格版页
- 94a
- 显示
- 忠实保留藏文原典·未添加机器译文
研究边界
书目关系边界:BDRC WA0RK0008 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。
归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。