藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 23 函德格 140b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

པ་དང་། སོ་སོ་ཡང་དག་པར་རིག་པ་རྣམས་ལ་གནས་པ་དང་། བྱམས་པ་ཆེན་པོ་ལ་གནས་པ་དང་། སྙིང་རྗེ་ཆེན་པོ་ལ་གནས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་{བཅྭོ་,བཅོ་}བརྒྱད་ལ་གནས་པ་ནི་འདི་སྙམ་དུ་བདག་ནི་ཕྱིར་ལྡོག་པའམ། ཕྱིར་

D8.023.0140b01.01
2

{མྱི་,མི་}ལྡོག་པ་མ་ཡིན་ནོ་སྙམ་ཡང་{མྱི་,མི་}བྱེད་དེ། དེ་ཐེ་ཙོམ་{མྱི་,མི་}སྐྱེ་ཞིང་རང་གི་ས་ལ་ཡིད་གཉིས་{མྱེད་,མེད་}དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེས་ཕྱིར་ལྡོག་པ་དང་། ཕྱིར་{མྱི་,མི་}ལྡོག་པ་མ་ཡིན་པའི་ཆོས་རྡུལ་ཙམ་ཡང་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། །

D8.023.0140b02.01
3

རབ་འབྱོར་འདི་ལྟ་སྟེ་དཔེར་ན། རྒྱུན་ཏུ་ཞུགས་པའི་སྐྱེས་བུ། རྒྱུན་ཏུ་ཞུགས་པའི་ས་ལ་གནས་པ་ནི་རང་གི་ས་ལ་ནེམ་ནུར་{མྱེད་,མེད་}ཅིང་ཐེ་ཙོམ་{མྱི་,མི་}ཟའོ། །ལན་ཅིག་ཕྱིར་འོང་བ་ལན་ཅིག་ཕྱིར་འོང་བའི་ས་ལ་གནས་པ་ནི་རང་གི་ས་ལ་ནེམ་ནུར་{མྱེད་,མེད་}ཅིང་ཐེ་ཙོམ་{མྱི་,མི་}ཟའོ། །

D8.023.0140b03.01
4

ཕྱིར་{མྱི་,མི་}འོང་བའི་ཕྱིར་མི་འོང་བའི་ས་ལ་གནས་པ་ནི། རང་གི་ས་ལ་ནེམ་ནུར་{མྱེད་,མེད་}ཅིང་ཐེ་ཙོམ་{མྱི་,མི་}ཟའོ། །དགྲ་བཅོམ་པ་དགྲ་བཅོམ་པའི་ས་ལ་གནས་པ་ནི། རང་གི་ས་ལ་ནེམ་ནུར་{མྱེད་,མེད་}ཅིང་ཐེ་ཙོམ་མི་ཟའོ། །རང་སངས་རྒྱས་རང་སངས་རྒྱས་ཀྱི་ས་ལ་

D8.023.0140b04.01
5

གནས་པ་ནི། རང་གི་ས་ལ་ནེམ་ནུར་{མྱེད་,མེད་}ཅིང་ཐེ་ཙོམ་{མྱི་,མི་}ཟའོ། །བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་ས་ལ་གནས་པ་ནི། རང་གི་ས་ལ་ནེམ་ནུར་མེད་ཅིང་ཐེ་ཙོམ་{མྱི་,མི་}ཟའོ། །ཡང་དག་པར་རྫོགས་པའི་སངས་རྒྱས། ཡང་དག་པར་

D8.023.0140b05.01
6

རྫོགས་པའི་སངས་རྒྱས་ཀྱི་ས་ལ་གནས་པ་ནི། རང་གི་ས་ལ་ནེམ་ནུར་{མྱེད་,མེད་}ཅིང་ཐེ་ཙོམ་{མྱི་,མི་}ཟའོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རང་གི་ས་ལ་གནས་པ་ཡང་ནེམ་ནུར་{མྱེད་,མེད་}ཅིང་ཐེ་ཙོམ་{མྱི་,མི་}ཟ་ཞིང་དེ་ཕྱིར་{མྱི་,མི་}ལྡོག་

D8.023.0140b06.01
7

པའི་ས་དེ་ལ་གནས་ཏེ། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་སྦྱོང་ངོ་། །སེམས་ཅན་རྣམས་ཀྱང་ཡོངས་སུ་སྨྱིན་པར་བྱེད་དོ། །བདུད་ཀྱི་ལས་སྐྱེས་ཤིང་བྱུང་བ་དག་ཀྱང་ཤེས་ཏེ། བདུད་ཀྱི་ལས་ཀྱི་དབང་དུ་ཡང་{མྱི་,མི་}འགྲོའོ། །བདུད་ཀྱི་ལས་དེ་

D8.023.0140b07.01