shes rab kyi pha rol tu phyin pa stong phrag brgya pa/
当前为德格木刻版 306b。藏文 NFD 原样保留,并提供可引用的稳定行号。
- 本页内容
- 藏文原典 · 德格版页
- 德格版页
- 306b
- 可引用原文
- 7 行
- 全文规模
- 全经 65909 稳定行段
- 责任者
- 藏译责任依各经题记;本批次未逐条裁决
- 正文语种
- 藏文
- 权利
- Public Domain;保留固定提交、版本边界与来源署名
函目录 · 13 函第 23 函 · 德格 306b
选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。
我的选文{མྱི་,མི་}སྐྱེའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང་ལྡན་པའི་སེམས་{མྱི་,མི་}སྐྱེའོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་དང་ལྡན་པའི་སེམས་{མྱི་,མི་}སྐྱེའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་ལྡན་པའི་སེམས་{མྱི་,མི་}སྐྱེའོ། །ཕྱིར་{མྱི་,མི་}འོང་བའི་འབྲས་བུ་དང་ལྡན་པའི་སེམས་{མྱི་,མི་}སྐྱེའོ། །དགྲ་བཅོམ་པ་ཉིད་དང་ལྡན་པའི་སེམས་{མྱི་,མི་}སྐྱེའོ། །རང་བྱང་ཆུབ་དང་ལྡན་པའི་སེམས་{མྱི་,མི་}སྐྱེའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་དང་ལྡན་པའི་སེམས་{མྱི་,མི་}སྐྱེའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་
པའི་སེམས་{མྱི་,མི་}སྐྱེའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པའི་ཚེ། ཆོས་གང་ཡང་{དམྱིགས་,དམིགས་}པ་{མྱེད་,མེད་}དེ། མ་{དམྱིགས་,དམིགས་}པས་ཆོས་གང་ལ་ཡང་སེམས་བསྐྱེད་པ་{མྱེད་,མེད་}དོ། །རབ་འབྱོར་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡོངས་སུ་ཟིན་པར་འགྱུར་རོ། །ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་འདུས་པར་འགྱུར་
རོ། །ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་མཐུན་པར་སྤྱོད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདིར་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་འདུས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་འཇིག་ཚོགས་སུ་ལྟ་བར་ལྟ་བའི་རྣམ་པ་དྲུག་ཅུ་རྩ་གཉིས་པོ་ཐམས་ཅད་ཀྱང་འདུས་པ་ཡིན་ཏེ། རབ་འབྱོར་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདིར་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་འདུས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་སྐྱེས་བུ་དུས་བྱས་པར་གྱུར་བའི་འཚོ་
བའི་དབང་པོ་འགགས་པས། དབང་པོ་ཐམས་ཅད་འགགས་པར་འགྱུར་རོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པས། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་འདུས་པ་ཡིན་
版本与引用信息
母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。
- 目录
- 德格目录 D8
- 德格版页
- 306b
- 显示
- 忠实保留藏文原典·未添加机器译文
研究边界
书目关系边界:BDRC WA0RK0008 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。
归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。