藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 23 函德格 186a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

མི་སྲིད་པ་དང་། སེམས་ཅན་ཐམས་ཅད་ཀྱང་བརྩོན་འགྲུས་བརྟན་པ་བརྩམས་ཤིང་ཐེག་པ་གསུམ་གྱིས་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་བར་བྱའོ་ཞེས་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་

D8.023.0186a01.01
2

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཡོངས་སུ་རྫོགས་པར་བྱེད། བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་

D8.023.0186a02.01
3

སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་ཅན་འདོད་པའི་སྲེད་པ་དང་། གནོད་སེམས་དང་། རྨུགས་པ་དང་། གཉིད་དང་རྒོད་པ་དང་། འགྱོད་པ་དང་། ཐེ་ཙོམ་དང་། སྒྲིབ་པ་ལྔས་བསྒྲིབས་པ་མཐོང་ངམ།

D8.023.0186a03.01
4

བསམ་གཏན་དང་པོ་དང་{མྱི་,མི་}ལྡན་པ་མཐོང་ངམ། བསམ་གཏན་གཉིས་པ་དང་མི་ལྡན་པ་མཐོང་ངམ། བསམ་གཏན་གསུམ་པ་དང་{མྱི་,མི་}ལྡན་པ་མཐོང་ངམ། བསམ་གཏན་བཞི་པ་དང་{མྱི་,མི་}ལྡན་པ་མཐོང་ངམ། བྱམས་པ་དང་{མྱི་,མི་}ལྡན་པ་མཐོང་ངམ།

D8.023.0186a04.01
5

སྙིང་རྗེ་དང་{མྱི་,མི་}ལྡན་པ་མཐོང་ངམ། དགའ་བ་དང་{མྱི་,མི་}ལྡན་པ་མཐོང་ངམ། བཏང་སྙོམས་དང་{མྱི་,མི་}ལྡན་པ་མཐོང་ངམ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་དང་{མྱི་,མི་}ལྡན་པ་མཐོང་ངམ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་

D8.023.0186a05.01
6

པར་འཇུག་པ་དང་{མྱི་,མི་}ལྡན་པ་མཐོང་ངམ། {ཆུང་ཟད་,ཅུང་ཟད་}{མྱེད་,མེད་}པའི་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་དང་{མྱི་,མི་}ལྡན་པ་མཐོང་ངམ། འདུ་ཤེས་{མྱེད་,མེད་}འདུ་ཤེས་{མྱེད་,མེད་}{མྱིན་,མིན་}སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་དང་{མྱི་,མི་}ལྡན་པ་དག་མཐོང་ན། འདི་ལྟར་ཡོངས་སུ་

D8.023.0186a06.01
7

བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། སེམས་ཅན་རྣམས་ཀྱི་ཉེས་པ་འདི་དག་ཐམས་ཅད་དུ་ཐམས་ཅད་{མྱི་,མི་}འབྱུང་ཞིང་{མྱི་,མི་}སྲིད་པ་དག་

D8.023.0186a07.01