藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 23 函德格 121a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

བྱེ་བ་ཕྲག་མང་པོ། བྱང་ཆུབ་སེམས་དཔའ་བྱེ་བ་བརྒྱ་ཕྲག་མང་པོ། བྱང་ཆུབ་སེམས་དཔའ་བྱེ་བ་སྟོང་ཕྲག་མང་པོ། བྱང་ཆུབ་སེམས་དཔའ་བྱེ་བ་བརྒྱ་སྟོང་ཕྲག་མང་པོ། བྱང་ཆུབ་སེམས་དཔའ་བྱེ་

D8.023.0121a01.01
2

བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་བསྲེག་ཅིང་བཙོ་བ་དང་། {མྱི་,མི་}བཟད་པར་སྡུག་བསྔལ་བ་དང་། རྩུབ་པ་དང་། ཚ་བའི་ཚོར་བ་མྱོང་བར་མངོན་དུ་སྤྲུལ་ནས་བསྟན་ཏེ། བྱང་ཆུབ་སེམས་དཔའ་དེ་ལ་འདི་སྐད་དུ། བྱང་ཆུབ་སེམས་དཔའ་

D8.023.0121a02.01
3

སེམས་དཔའ་ཆེན་པོ་འདི་དག་ནི་ཕྱིར་{མྱི་,མི་}ལྡོག་པར་དེ་བཞིན་གཤེགས་པས་ལུང་བསྟན་པ་ཡིན་ཏེ། སེམས་ཅན་དམྱལ་བ་ཆེན་པོ་འདིར་སྐྱེས་སོ། །ཁྱོད་ཀྱང་དེ་བཞིན་གཤེགས་པས་ཕྱིར་{མྱི་,མི་}ལྡོག་པར་ལུང་བསྟན་པ་ནི། སེམས་ཅན་དམྱལ་

D8.023.0121a03.01
4

བ་པར་ལུང་བསྟན་ཏེ། ད་དུང་ཡང་ཁྱོད་ཀྱིས་བྱང་ཆུབ་ཀྱི་སེམས་འདི་ཐོངས་ཤིག་དང་། ཁྱོད་སེམས་ཅན་དམྱལ་བར་སྐྱེ་བར་{མྱི་,མི་}འགྱུར་ཏེ། དེ་ལྟར་བྱས་ན་ཁྱོད་མཐོ་རིས་སུ་འགྲོ་བར་འགྱུར་རོ་ཞེས་ཟེར་ཡང་། རབ་འབྱོར་གལ་ཏེ་བྱང་

D8.023.0121a04.01
5

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་{མྱི་,མི་}འཁྲུག་ཅིང་ནེམ་ནུར་{མྱེད་,མེད་}ཐེ་ཙོམ་{མྱེད་,མེད་}ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་

D8.023.0121a05.01
6

དེ་དག་གིས་ཀྱང་ལུང་བསྟན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ངེས་པ་ཡིན་ཏེ། ཕྱིར་མི་ལྡོག་པའི་ཁམས་སུ་གནས་པའོ། །རབ་འབྱོར་འདི་ནི་གནས་མ་ཡིན་ཞིང་གོ་སྐབས་བརྒྱད་པ་སྟེ། ཕྱིར་{མྱི་,མི་}

D8.023.0121a06.01
7

ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་དམྱལ་བ་བའམ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བར་འགྱུར་བ་དེ་ནི་གནས་{མྱེད་,མེད་}དོ། །རབ་འབྱོར་རྣམ་པ་དེ་དག་དང་། ཚུལ་དེ་དག་དང་།

D8.023.0121a07.01