藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 23 函德格 171b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

{མྱི་,མི་}{དམྱིགས་,དམིགས་}པ་སྟོང་པ་ཉིད་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་གྱུར་ན། དངོས་པོ་{མྱེད་,མེད་}པ་སྟོང་པ་ཉིད་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་གྱུར་ན། ངོ་བོ་ཉིད་སྟོང་པ་ཉིད་མ་མཆིས་པར་འགྱུར་རོ། །

D8.023.0171b01.01
2

བཅོམ་ལྡན་འདས་དེ་ལྟར་གྱུར་ན། དངོས་པོ་{མྱེད་,མེད་}པའི་ངོ་བོ་ཉིད་སྟོང་པ་ཉིད་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་གྱུར་ན། དྲན་པ་ཉེ་བར་གཞག་པ་རྣམས་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་གྱུར་ན།

D8.023.0171b02.01
3

ཡང་དག་པར་སྤོང་བ་རྣམས་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་གྱུར་ན། རྫུ་འཕྲུལ་གྱི་རྐང་པ་རྣམས་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་གྱུར་ན། དབང་པོ་རྣམས་མ་མཆིས་པར་འགྱུར་རོ། །

D8.023.0171b03.01
4

བཅོམ་ལྡན་འདས་དེ་ལྟར་གྱུར་ན། སྟོབས་རྣམས་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་གྱུར་ན། བྱང་ཆུབ་ཀྱི་ཡན་ལག་རྣམས་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་གྱུར་ན། འཕགས་པའི་

D8.023.0171b04.01
5

ལམ་ཡན་ལག་བརྒྱད་པ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་གྱུར་ན། འཕགས་པའི་བདེན་པ་རྣམས་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་གྱུར་ན། བསམ་གཏན་རྣམས་མ་མཆིས་པར་འགྱུར་

D8.023.0171b05.01
6

རོ། །བཅོམ་ལྡན་འདས་དེ་ལྟར་གྱུར་ན། ཚད་{མྱེད་,མེད་}པ་རྣམས་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་གྱུར་ན། གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་རྣམས་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་དེ་

D8.023.0171b06.01
7

ལྟར་གྱུར་ན། རྣམ་པར་ཐར་པ་རྣམས་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་གྱུར་ན། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་གྱུར་ན།

D8.023.0171b07.01