藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 23 函德格 156a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ཉིད་དེ་ལ། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཡང་{མྱེད,མེད}། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལས་གུད་ན་ཡང་དེ་བཞིན་ཉིད་{མྱེད་,མེད་}དེ། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་ནི་དེ་ལྟ་

D8.023.0156a01.01
2

བུའོ། །རབ་འབྱོར་སའི་ཁམས་ཀྱི་དེ་བཞིན་ཉིད་དེ་ལ། སའི་ཁམས་ཀྱང་{མྱེད,མེད}། སའི་ཁམས་ལས་གུད་ན་ཡང་དེ་བཞིན་ཉིད་{མྱེད་,མེད་}དེ། སའི་ཁམས་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་ཆུའི་ཁམས་ཀྱི་དེ་བཞིན་ཉིད་དེ་ལ། ཆུའི་

D8.023.0156a02.01
3

ཁམས་ཀྱང་{མྱེད,མེད}། ཆུའི་ཁམས་ལས་གུད་ན་ཡང་དེ་བཞིན་ཉིད་{མྱེད་,མེད་}དེ། ཆུའི་ཁམས་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་{མྱེའི་,མེའི་}ཁམས་ཀྱི་དེ་བཞིན་ཉིད་དེ་ལ། {མྱེའི་,མེའི་}ཁམས་ཀྱང་{མྱེད,མེད}། {མྱེའི་,མེའི་}ཁམས་ལས་གུད་ན་ཡང་དེ་བཞིན་

D8.023.0156a03.01
4

ཉིད་མེད་དེ། {མྱེའི་,མེའི་}ཁམས་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་རླུང་གི་ཁམས་ཀྱི་དེ་བཞིན་ཉིད་དེ་ལ། རླུང་གི་ཁམས་ཀྱང་{མྱེད,མེད}། རླུང་གི་ཁམས་ལས་གུད་ན་ཡང་དེ་བཞིན་ཉིད་{མྱེད་,མེད་}དེ། རླུང་གི་ཁམས་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་

D8.023.0156a04.01
5

འབྱོར་ནམ་མཁའི་ཁམས་ཀྱི་དེ་བཞིན་ཉིད་དེ་ལ། ནམ་མཁའི་ཁམས་ཀྱང་{མྱེད,མེད}། ནམ་མཁའི་ཁམས་ལས་གུད་ན་ཡང་དེ་བཞིན་ཉིད་{མྱེད་,མེད་}དེ། ནམ་མཁའི་ཁམས་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་

D8.023.0156a05.01
6

དེ་ལ་རྣམ་པར་ཤེས་པའི་ཁམས་ཀྱང་{མྱེད,མེད}། རྣམ་པར་ཤེས་པའི་ཁམས་ལས་གུད་ན་ཡང་དེ་བཞིན་ཉིད་{མྱེད་,མེད་}དེ། རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་མ་རིག་པའི་དེ་བཞིན་ཉིད་དེ་ལ་མ་རིག་པ་ཡང་{མྱེད,མེད}། མ་རིག་པ་ལས་

D8.023.0156a06.01
7

གུད་ན་ཡང་དེ་བཞིན་ཉིད་{མྱེད་,མེད་}དེ། མ་རིག་པའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་འདུ་བྱེད་ཀྱི་དེ་བཞིན་ཉིད་དེ་ལ་འདུ་བྱེད་ཀྱང་{མྱེད་,མེད་}འདུ་བྱེད་ལས་གུད་ན་ཡང་དེ་བཞིན་ཉིད་{མྱེད་,མེད་}དེ། འདུ་བྱེད་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་རྣམ་པར་

D8.023.0156a07.01