藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 23 函德格 199a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

པ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །འཕགས་པའི་བདེན་པ་རྣམས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །བསམ་གཏན་རྣམས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །ཚད་{མྱེད་,མེད་}པ་རྣམས་སྟོང་ཞེས་བྱ་བར་བརྟག་

D8.023.0199a01.01
2

པར་བྱའོ། །གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་རྣམས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །རྣམ་པར་ཐར་པ་རྣམས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སྟོང་ཞེས་བྱ་བར་

D8.023.0199a02.01
3

བརྟག་པར་བྱའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་{མྱེད་,མེད་}པ་དང་། སྨོན་པ་{མྱེད་,མེད་}པ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །མངོན་པར་ཤེས་པ་རྣམས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །ཏིང་ངེ་འཛིན་རྣམས་སྟོང་ཞེས་བྱ་

D8.023.0199a03.01
4

བར་བརྟག་པར་བྱའོ། །གཟུངས་ཀྱི་སྒོ་རྣམས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །{མྱི་,མི་}འཇིགས་པ་རྣམས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །སོ་སོ་ཡང་

D8.023.0199a04.01
5

དག་པར་རིག་པ་རྣམས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །བྱམས་པ་ཆེན་པོ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །སྙིང་རྗེ་ཆེན་པོ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །

D8.023.0199a05.01
6

འདོད་པའི་ཁམས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །གཟུགས་ཀྱི་ཁམས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །གཟུགས་མེད་པའི་ཁམས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །དེ་ཡང་ཅི་ནས་ཀྱང་དེ་ལྟར་བརྟགས་ན་སེམས་གཡེང་བར་{མྱི་,མི་}

D8.023.0199a06.01
7

འགྱུར་བ་དེ་ལྟར་བརྟག་པར་བྱ་སྟེ། དེ་སེམས་{མྱི་,མི་}གཡེང་བ་དང་ལྡན་པས་ཆོས་དེ་དག་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་སྟེ། ཆོས་དེ་ཡང་དག་པར་རྗེས་སུ་མ་མཐོང་བས་མངོན་དུ་{མྱི་,མི་}བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་

D8.023.0199a07.01