藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 23 函德格 36b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་{མྱེད་,མེད་}དེ་གཉིས་སུ་བྱར་{མྱེད་,མེད་}དོ། །འདུས་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་འདུས་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་

D8.023.0036b01.01
2

ཉིད་དེ། དེ་ལྟར་ན་འདུས་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་{མྱེད་,མེད་}དེ་གཉིས་སུ་བྱར་{མྱེད་,མེད་}དོ། །འདུས་མ་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་

D8.023.0036b02.01
3

གཤེགས་པའི་དེ་བཞིན་ཉིད་ཀྱིས་འདུས་མ་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ། དེ་ལྟར་ན་འདུས་མ་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་{མྱེད་,མེད་}དེ་གཉིས་སུ་བྱར་{མྱེད་,མེད་}དོ། །མཐའ་ལས་འདས་པ་སྟོང་པ་

D8.023.0036b03.01
4

ཉིད་ཀྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ། དེ་ལྟར་ན་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་

D8.023.0036b04.01
5

པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་{མྱེད་,མེད་}དེ་གཉིས་སུ་བྱར་{མྱེད་,མེད་}དོ། །ཐོག་དང་ཐ་མ་{མྱེད་,མེད་}པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་ཐོག་མ་དང་ཐ་མ་{མྱེད་,མེད་}པ་སྟོང་པ་ཉིད་ཀྱི་དེ་

D8.023.0036b05.01
6

བཞིན་ཉིད་དེ། དེ་ལྟར་ན་ཐོག་མ་དང་ཐ་མ་{མྱེད་,མེད་}པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་{མྱེད་,མེད་}དེ་གཉིས་སུ་བྱར་{མྱེད་,མེད་}དོ། །དོར་བ་{མྱེད་,མེད་}པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་

D8.023.0036b06.01
7

བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་དོར་བ་{མྱེད་,མེད་}པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ། དེ་ལྟར་ན་དོར་བ་{མྱེད་,མེད་}པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་{མྱེད་,མེད་}དེ་གཉིས་སུ་བྱར་{མྱེད་,མེད་}དོ། །

D8.023.0036b07.01