藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 23 函德格 114a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

བའི་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་{མྱེད་,མེད་}དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་{མྱི་,མི་}{དམྱིགས་,དམིགས་}པ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་{མྱེད་,མེད་}དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་

D8.023.0114a01.01
2

དཔའ་ཆེན་པོ་གནས་པར་འགྱུར་བའི་དངོས་པོ་{མྱེད་,མེད་}པ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་{མྱེད་,མེད་}དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་{མྱེད་,མེད་}དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་

D8.023.0114a02.01
3

དཔའ་ཆེན་པོ་གནས་པར་འགྱུར་བའི་དངོས་པོ་{མྱེད་,མེད་}པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་{མྱེད་,མེད་}དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་ངོ་བོ་ཉིད་{མྱེད་,མེད་}དོ། །གང་ལ་བྱང་ཆུབ་སེམས་དཔའ་

D8.023.0114a03.01
4

སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ཡང་དག་པར་སྤོང་བ་རྣམས་ཀྱི་ངོ་བོ་ཉིད་{མྱེད་,མེད་}དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་ངོ་བོ་ཉིད་{མྱེད་,མེད་}དོ། །གང་ལ་བྱང་ཆུབ་སེམས་

D8.023.0114a04.01
5

དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་དབང་པོ་རྣམས་ཀྱི་ངོ་བོ་ཉིད་{མྱེད་,མེད་}དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་སྟོབས་རྣམས་ཀྱི་ངོ་བོ་ཉིད་{མྱེད་,མེད་}དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་

D8.023.0114a05.01
6

ཆེན་པོ་གནས་པར་འགྱུར་བའི་བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་ངོ་བོ་ཉིད་{མྱེད་,མེད་}དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་འཕགས་པའི་ལམ་ཡན་ལག་བརྒྱད་པའི་ངོ་བོ་ཉིད་{མྱེད་,མེད་}དོ། །གང་ལ་བྱང་ཆུབ་སེམས་

D8.023.0114a06.01
7

དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་འཕགས་པའི་བདེན་པ་རྣམས་ཀྱི་ངོ་བོ་ཉིད་{མྱེད་,མེད་}དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་བསམ་གཏན་རྣམས་ཀྱི་ངོ་བོ་ཉིད་{མྱེད་,མེད་}དོ། །གང་ལ་བྱང་

D8.023.0114a07.01