藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 22 函德格 374b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་{མྱེད་,མེད་}ཅིང་གཉིས་སུ་བྱར་{མྱེད་,མེད་}དོ། །རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་

D8.022.0374b01.01
2

དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་{མྱེད་,མེད་}ཅིང་གཉིས་སུ་བྱར་{མྱེད་,མེད་}དོ། །{མྱིག་,མིག་}གི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་{མྱེད་,མེད་}ཅིང་གཉིས་སུ་

D8.022.0374b02.01
3

བྱར་{མྱེད་,མེད་}དོ། །རྣ་བའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་{མྱེད་,མེད་}ཅིང་གཉིས་སུ་བྱར་{མྱེད་,མེད་}དོ། །སྣའི་དེ་བཞིན་ཉིད་གང་ཡིན་པ་དང་།

D8.022.0374b03.01
4

རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་{མྱེད་,མེད་}ཅིང་གཉིས་སུ་བྱར་{མྱེད་,མེད་}དོ། །ལྕེའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་

D8.022.0374b04.01
5

ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་{མྱེད་,མེད་}ཅིང་གཉིས་སུ་བྱར་{མྱེད་,མེད་}དོ། །ལུས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་{མྱེད་,མེད་}

D8.022.0374b05.01
6

ཅིང་གཉིས་སུ་བྱར་མེད་དོ། །ཡིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་{མྱེད་,མེད་}ཅིང་གཉིས་སུ་བྱར་{མྱེད་,མེད་}དོ། །གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་

D8.022.0374b06.01
7

པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་{མྱེད་,མེད་}ཅིང་གཉིས་སུ་བྱར་{མྱེད་,མེད་}དོ། །སྒྲའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་

D8.022.0374b07.01