藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 22 函德格 258b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

རྩོམ་ན་བདག་དང་བདག་གིར་བྱ་བར་མ་ལྷུང་བའི་སེམས་ཀྱིས་བརྩོན་འགྲུས་རྩོམ་མོ། །བསམ་གཏན་སྒོམ་ན། བདག་དང་བདག་གིར་བྱ་བར་མ་ལྷུང་བའི་སེམས་ཀྱིས་བསམ་གཏན་སྒོམ་མོ། །ཤེས་རབ་སྒོམ་ན། བདག་དང་བདག་གིར་བྱ་བར་མ་

D8.022.0258b01.01
2

ལྷུང་བའི་སེམས་ཀྱིས་ཤེས་རབ་སྒོམ་སྟེ། དེ་འདི་སྙམ་དུ་བདག་ནི་སྦྱིན་པ་ཡོངས་སུ་གཏོང་ངོ་། །འདི་ལ་སྦྱིན་པ་ཡོངས་སུ་གཏོང་ངོ་ཞེས་བྱ་བར་{མྱི་,མི་}སེམས་སོ། །བདག་ནི་ཚུལ་ཁྲིམས་སྲུང་ངོ་། །ཚུལ་ཁྲིམས་ནི་འདི་སྲུང་ངོ་། །ཞེས་བྱ་བར་{མྱི་,མི་}སེམས་སོ། །

D8.022.0258b02.01
3

བདག་ནི་བཟོད་པ་སྒོམ་མོ། །བཟོད་པ་ནི་འདི་སྒོམ་མོ་ཞེས་བྱ་བར་{མྱི་,མི་}སེམས་སོ། །བདག་ནི་བརྩོན་འགྲུས་རྩོམ་མོ། །བརྩོན་འགྲུས་ནི་འདི་རྩོམ་མོ་ཞེས་བྱ་བར་{མྱི་,མི་}སེམས་སོ། །བདག་ནི་བསམ་གཏན་ལ་སྙོམས་པར་འཇུག་གོ། །བསམ་གཏན་ནི་འདི་དག་

D8.022.0258b03.01
4

ལ་སྙོམས་པར་འཇུག་གོ་ཞེས་བྱ་བར་{མྱི་,མི་}སེམས་སོ། །བདག་ནི་ཤེས་རབ་སྒོམ་མོ། །ཤེས་རབ་ནི་འདི་སྒོམ་མོ་ཞེས་བྱ་བར་{མྱི་,མི་}སེམས་ཏེ། དེ་སྦྱིན་པ་རློམ་སེམས་སུ་{མྱི་,མི་}བྱེད་སྦྱིན་པས་རློམ་སེམས་སུ་{མྱི་,མི་}བྱེད། བདག་ནི་སྦྱིན་པ་བྱེད་པའོ་ཞེས་བྱ་བར་རློམ་སེམས་

D8.022.0258b04.01
5

སུ་{མྱི་,མི་}བྱེད་དོ། །ཚུལ་ཁྲིམས་རློམ་སེམས་སུ་{མྱེད་,མེད་}དོ། །ཚུལ་ཁྲིམས་ཀྱིས་རློམ་སེམས་སུ་{མྱི་,མི་}བྱེད་དོ། བདག་ནི་ཚུལ་ཁྲིམས་དང་ལྡན་པའོ་ཞེས་བྱ་བར་རློམ་སེམས་སུ་{མྱི་,མི་}བྱེད་དོ། །བཟོད་པ་རློམ་སེམས་སུ་{མྱི་,མི་}བྱེད། བཟོད་པས་རློམ་སེམས་སུ་{མྱི་,མི་}བྱེད།

D8.022.0258b05.01
6

བདག་ནི་བཟོད་པ་དང་ལྡན་པའོ་ཞེས་བྱ་བར་རློམ་སེམས་སུ་{མྱི་,མི་}བྱེད་དོ། །བརྩོན་འགྲུས་རློམ་སེམས་སུ་{མྱི་,མི་}བྱེད། བརྩོན་འགྲུས་ཀྱིས་རློམ་སེམས་སུ་{མྱི་,མི་}བྱེད། བདག་ནི་བརྩོན་འགྲུས་དང་ལྡན་པའོ་ཞེས་བྱ་བར་རློམ་སེམས་སུ་{མྱི་,མི་}བྱེད་དོ། །བསམ་

D8.022.0258b06.01
7

གཏན་རྣམས་རློམ་སེམས་སུ་{མྱི་,མི་}བྱེད། བསམ་གཏན་རྣམས་ཀྱིས་རློམ་སེམས་སུ་{མྱི་,མི་}བྱེད། བདག་ནི་བསམ་གཏན་པའོ་ཞེས་བྱ་བར་རློམ་སེམས་སུ་{མྱི་,མི་}བྱེད་དོ། །ཤེས་རབ་རློམ་སེམས་སུ་{མྱི་,མི་}བྱེད། ཤེས་རབ་ཀྱིས་རློམས་སེམས་སུ་{མྱི་,མི་}བྱེད།

D8.022.0258b07.01