藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 22 函德格 362a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

བདེན་པ་རྣམས་ལ་རྟོག་པ་མ་ཡིན་ནོ། །བསམ་གཏན་རྣམས་ལ་རྟོག་པ་མ་ཡིན་ནོ། །ཚད་{མྱེད་,མེད་}པ་རྣམས་ལ་རྟོག་པ་མ་ཡིན་ནོ། །གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་རྣམས་ལ་རྟོག་པ་མ་ཡིན་ནོ། །རྣམ་པར་ཐར་པ་རྣམས་ལ་རྟོག་

D8.022.0362a01.01
2

པ་མ་ཡིན་ནོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལ་རྟོག་པ་མ་ཡིན་ནོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་{མྱེད་,མེད་}པ་དང་། སྨོན་པ་{མྱེད་,མེད་}པ་ལ་རྟོག་པ་མ་ཡིན་ནོ། །མངོན་པར་ཤེས་པ་རྣམས་ལ་རྟོག་པ་མ་ཡིན་ནོ། །ཏིང་

D8.022.0362a02.01
3

ངེ་འཛིན་རྣམས་ལ་རྟོག་པ་མ་ཡིན་ནོ། །གཟུངས་ཀྱི་སྒོ་རྣམས་ལ་རྟོག་པ་མ་ཡིན་ནོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ལ་རྟོག་པ་མ་ཡིན་ནོ། །{མྱི་,མི་}འཇིགས་པ་རྣམས་ལ་རྟོག་པ་མ་ཡིན་ནོ། །སོ་སོ་ཡང་དག་པར་རིག་པ་རྣམས་ལ་རྟོག་པ་མ་ཡིན་ནོ། །

D8.022.0362a03.01
4

བྱམས་པ་ཆེན་པོ་ལ་རྟོག་པ་མ་ཡིན་ནོ། །སྙིང་རྗེ་ཆེན་པོ་ལ་རྟོག་པ་མ་ཡིན་ནོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་རྟོག་པ་མ་ཡིན་ནོ། །ཐམས་ཅད་ཤེས་པ་ཉིད་ལ་རྟོག་པ་མ་ཡིན་ནོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་རྟོག་པ་མ་ཡིན་ནོ། །རྣམ་པ་

D8.022.0362a04.01
5

ཐམས་ཅད་མཁྱེན་པ་ཉིད་ལ་རྟོག་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ཡིན་པ་དེ་ནི་སུས་ཀྱང་མ་བྱས། རྣམ་པར་མ་བྱས། གང་ནས་ཀྱང་མ་འོངས། གང་དུ་ཡང་མ་སོང་། ཕྱོགས་ན་ཡང་{མྱི་,མི་}

D8.022.0362a05.01
6

གནས། ཡུལ་ན་ཡང་མི་གནས། གང་ན་ཡང་མི་གནས་པ་སྟེ། དེ་ལ་གྲངས་{མྱི་,མི་}{དམྱིགས་,དམིགས་}སོ། །འགྲོ་བ་དང་འོང་བ་ཡང་{མྱི་,མི་}{དམྱིགས་,དམིགས་}སོ། །གང་ལ་གྲངས་{མྱི་,མི་}{དམྱིགས་,དམིགས་}ཤིང་། འགྲོ་བ་དང་འོང་བ་{མྱི་,མི་}{དམྱིགས་,དམིགས་}པ་དེ་ནི་གང་གིས་ཀྱང་མངོན་པར་འཚང་རྒྱ་བར་{མྱི་,མི་}

D8.022.0362a06.01
7

ནུས་ཏེ། །གཟུགས་ཀྱིས་མ་ཡིན་ནོ། །ཚོར་བས་མ་ཡིན་ནོ། །འདུ་ཤེས་ཀྱིས་མ་ཡིན་ནོ། །འདུ་བྱེད་ཀྱིས་མ་ཡིན་ནོ། །རྣམ་པར་ཤེས་པས་མ་ཡིན་ནོ། །{མྱིག་,མིག་}གིས་མ་ཡིན་ནོ། །རྣ་བས་མ་ཡིན་ནོ། །སྣས་མ་ཡིན་ནོ། །ལྕེས་མ་ཡིན་ནོ། །ལུས་ཀྱིས་མ་

D8.022.0362a07.01