藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 22 函德格 31a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ཤེས་པ་རྣམས་ཤེས་བྱ་བར་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་། ཏིང་ངེ་འཛིན་རྣམས་ཤེས་བྱ་བར་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་། གཟུངས་ཀྱི་སྒོ་རྣམས་ཤེས་བྱ་བར་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་། དེ་བཞིན་གཤེགས་པའི་སྟོབས་

D8.022.0031a01.01
2

བཅུ་ཞེས་བྱ་བར་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་། {མྱི་,མི་}འཇིགས་པ་བཞི་ཞེས་བྱ་བར་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་། སོ་སོ་ཡང་དག་པར་རིག་པ་བཞི་ཞེས་བྱ་བར་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་། སྙིང་རྗེ་ཆེན་པོ་ཞེས་བྱ་བར་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་།

D8.022.0031a02.01
3

སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཤེས་བྱ་བར་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་། ཐམས་ཅད་ཤེས་པ་ཉིད་ཅེས་བྱ་བར་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་། ལམ་གྱི་རྣམ་པ་ཤེས་པ་ཉིད་ཅེས་བྱ་བར་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་། རྣམ་པ་ཐམས་ཅད་

D8.022.0031a03.01
4

མཁྱེན་པ་ཉིད་ཅེས་བྱ་བར་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་བ་དེའི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ཆོས་རྣམས་

D8.022.0031a04.01
5

ཀྱི་ཆོས་ཀྱི་མཚན་ཉིད་དང་ཕྱིར་མི་ལྡོག་པ་དང་། གསོག་དང་། གསོ་བ་དང་། སྙིང་པོ་{མྱེད་,མེད་}པ་དང་། དབང་དུ་གྱུར་པ་དང་། བྱེད་པ་{མྱེད་,མེད་}པ་དང་། སྲོག་{མྱེད་,མེད་}པའི་ཕྱིར་རོ། །གསོལ་པ་བཅོམ་ལྡན་འདས་བསམ་གྱིས་མི་ཁྱབ་པ་བསྟན་ཏོ། །བཅོམ་ལྡན་

D8.022.0031a05.01
6

འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་བསམ་གྱིས་{མྱི་,མི་}ཁྱབ་པའི་ཕྱིར། བསམ་གྱིས་{མྱི་,མི་}ཁྱབ་པ་བསྟན་ཏོ། །ཚོར་བ་བསམ་གྱིས་{མྱི་,མི་}ཁྱབ་པའི་ཕྱིར། བསམ་གྱིས་{མྱི་,མི་}ཁྱབ་པ་བསྟན་ཏོ། །འདུ་ཤེས་བསམ་གྱིས་{མྱི་,མི་}ཁྱབ་པའི་ཕྱིར།

D8.022.0031a06.01
7

བསམ་གྱིས་{མྱི་,མི་}ཁྱབ་པ་བསྟན་ཏོ། །འདུ་བྱེད་བས་མ་གྱིས་{མྱི་,མི་}ཁྱབ་པའི་ཕྱིར། བསམ་གྱིས་{མྱི་,མི་}ཁྱབ་པ་བསྟན་ཏོ། །རྣམ་པར་ཤེས་པ་བསམ་གྱིས་{མྱི་,མི་}ཁྱབ་པའི་ཕྱིར། བསམ་གྱིས་{མྱི་,མི་}ཁྱབ་པ་བསྟན་ཏོ། །{མྱིག་,མིག་}བསམ་གྱིས་{མྱི་,མི་}ཁྱབ་པའི་ཕྱིར།

D8.022.0031a07.01