完整藏文原文 · 德格版页 当前仅加载第 22 函德格 259a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
བདག་ནི་ཤེས་རབ་དང་ལྡན་པའོ་ཞེས་བྱ་བར་རློམ་སེམས་སུ་{མྱི་,མི་}བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་གིས་དེ་རློམ་སེམས་སུ་བྱེད་པའི་རྣམ་པར་རྟོག་པ་དེ་དག་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་{མྱེད་,མེད་}དེ། འདི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་
D8.022.0259a01.01པ་ནི་ཕ་རོལ་ཏུ་ཕྱིན་པ་{མྱེད་,མེད་}པའོ། །དེ་ནི་འདི་ལྟར་དེ་རློམ་སེམས་སུ་བྱེད་པའི་རྣམ་པར་རྟོག་པ་དེ་དག་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་{མྱེད་,མེད་}དེ། འདི་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕ་རོལ་ཏུ་ཕྱིན་པ་{མྱེད་,མེད་}པའོ། །དེ་ནི་འདི་ལྟར་དེ་རློམ་སེམས་
D8.022.0259a02.01སུ་བྱེད་པའི་རྣམ་པར་རྟོག་པ་དེ་དག་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་{མྱེད་,མེད་}དེ། འདི་ལྟར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཕ་རོལ་ཏུ་ཕྱིན་པ་{མྱེད་,མེད་}པའོ། །དེ་ནི་འདི་ལྟར་དེ་རློམ་སེམས་སུ་བྱེད་པའི་རྣམ་པར་རྟོག་པ་དེ་དག་ནི། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་
D8.022.0259a03.01ལ་{མྱེད་,མེད་}དེ། འདི་ལྟར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕ་རོལ་ཏུ་ཕྱིན་པ་{མྱེད་,མེད་}པའོ། །དེ་ནི་འདི་ལྟར་དེ་རློམ་སེམས་སུ་བྱེད་པའི་རྣམ་པར་རྟོག་པ་དེ་དག་ནི། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་{མྱེད་,མེད་}དེ། འདི་ལྟར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕ་
D8.022.0259a04.01རོལ་ཏུ་ཕྱིན་པ་{མྱེད་,མེད་}པའོ། །དེ་ནི་འདི་ལྟར་དེ་ཟློམ་སེམས་སུ་བྱེད་པའི་རྣམ་པར་རྟོག་པ་དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་{མྱེད་,མེད་}དེ། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕ་རོལ་ཏུ་ཕྱིན་པ་{མྱེད་,མེད་}པའོ། །དེ་ལྟ་ཡིན་ལ་གང་ཟག་བྱང་ཆུབ་སེམས་
D8.022.0259a05.01དཔའི་ཐེག་པ་པ་དེ་ཡང་རིང་དུ་སང་བ་ཤེས་ཤིང་ཕ་རོལ་ཤེས་ཏེ། དེས་ཀྱང་རློམ་སེམས་སུ་{མྱི་,མི་}བྱེད་ཅིང་། དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་བས། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་{མྱི་,མི་}ལྟུང་སྟེ། རྣམ་པ་ཐམས་
D8.022.0259a06.01ཅད་མཁྱེན་པ་ཉིད་ཀྱང་འགྲུབ་པར་འགྱུར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་བས། ཉན་ཐོས་ཀྱིས་འམ། རང་སངས་རྒྱས་ཀྱི་སར་{མྱི་,མི་}ལྟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་འགྲུབ་པར་འགྱུར་རོ། །
D8.022.0259a07.01