藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 22 函德格 263b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

འགྲུས་རློམ་སེམས་སུ་{མྱི་,མི་}བྱེད། བརྩོན་འགྲུས་ཀྱིས་ཟློམ་སེམས་སུ་{མྱི་,མི་}བྱེད། བདག་ནི་བརྩོན་འགྲུས་དང་ལྡན་པའོ་ཞེས་རློམ་སེམས་སུ་{མྱི་,མི་}བྱེད་དོ། །དེ་བས་མ་གཏན་ཟློམ་སེམས་སུ་{མྱི་,མི་}བྱེད། བསམ་གཏན་གྱིས་རློམ་སེམས་སུ་{མྱི་,མི་}བྱེད། བདག་ནི་

D8.022.0263b01.01
2

བསམ་གཏན་པའོ་ཞེས་རློམ་སེམས་སུ་{མྱི་,མི་}བྱེད་དོ། །དེ་ཤེས་རབ་ཟློམ་སེམས་སུ་{མྱི་,མི་}བྱེད། ཤེས་རབ་ཀྱིས་རློམ་སེམས་སུ་{མྱི་,མི་}བྱེད། བདག་ནི་ཤེས་རབ་དང་ལྡན་པའོ་ཞེས་རློམ་སེམས་སུ་{མྱི་,མི་}བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་དེ་རྣམ་པར་{མྱི་,མི་}རྟོག་

D8.022.0263b02.01
3

པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་རྣམ་པར་རྟོག་པ་དེ་དག་{མྱེད་,མེད་}དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དེ་ནི་ཕ་རོལ་ཏུ་ཕྱིན་པ་{མྱེད་,མེད་}པའོ། །དེ་ལྟར་དེ་རྣམ་པར་{མྱི་,མི་}རྟོག་པས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣམ་

D8.022.0263b03.01
4

པར་རྟོག་པ་དེ་དག་{མྱེད་,མེད་}དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་འདི་ལྟ་སྟེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ནི་ཕ་རོལ་ཏུ་ཕྱིན་པ་{མྱེད་,མེད་}པའོ། །དེ་ལྟར་དེ་རྣམ་པར་{མྱི་,མི་}རྟོག་པས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་རྣམ་པར་རྟོག་པ་དེ་དག་{མྱེད་,མེད་}དེ། དེ་ཅིའི་ཕྱིར་

D8.022.0263b04.01
5

ཞེ་ན། དེ་ནི་འདི་ལྟར་འདི་ལྟ་སྟེ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དེ་ནི་ཕ་རོལ་ཏུ་ཕྱིན་པ་{མྱེད་,མེད་}པའོ། །དེ་ལྟར་དེ་རྣམ་པར་{མྱི་,མི་}རྟོག་པས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣམ་པར་རྟོག་པ་དེ་དག་{མྱེད་,མེད་}དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་འདི་ལྟ་

D8.022.0263b05.01
6

སྟེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ནི་ཕ་རོལ་ཏུ་ཕྱིན་པ་{མྱེད་,མེད་}པའོ། །དེ་ལྟར་དེ་རྣམ་པར་{མྱི་,མི་}རྟོག་པས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣམ་པར་རྟོག་པ་དེ་དག་{མྱེད་,མེད་}དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་འདི་ལྟ་སྟེ། བསམ་

D8.022.0263b06.01
7

གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དེ་ནི་ཕ་རོལ་ཏུ་ཕྱིན་པ་{མྱེད་,མེད་}པའོ། །དེ་ལྟར་དེ་རྣམ་པར་{མྱི་,མི་}རྟག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣམ་པར་རྟོག་པ་དེ་དག་{མྱེད་,མེད་}དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་

D8.022.0263b07.01