藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 22 函德格 359b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

སམ། ལྕེ་ལ་རྟོག་པ་ལགས་སམ། ལུས་ལ་རྟོག་པ་ལགས་སམ། ཡིད་ལ་རྟོག་པ་ལགས་སམ། གཟུགས་ལ་རྟོག་པ་ལགས་སམ། སྒྲ་ལ་རྟོག་པ་ལགས་སམ། དྲི་ལ་རྟོག་པ་ལགས་སམ། རོ་ལ་རྟོག་པ་ལགས་སམ། རེག་ལ་རྟོག་པ་ལགས་

D8.022.0359b01.01
2

སམ། ཆོས་ལ་རྟོག་པ་ལགས་སམ། {མྱིག་,མིག་}གི་རྣམ་པར་ཤེས་པ་ལ་རྟོག་པ་ལགས་སམ། རྣ་བའི་རྣམ་པར་ཤེས་པ་ལ་རྟོག་པ་ལགས་སམ། སྣའི་རྣམ་པར་ཤེས་པ་ལ་རྟོག་པ་ལགས་སམ། ལྕེའི་རྣམ་པར་ཤེས་པ་ལ་རྟོག་པ་ལགས་སམ།

D8.022.0359b02.01
3

ལུས་ཀྱི་རྣམ་པར་ཤེས་པ་ལ་རྟོག་པ་ལགས་སམ། ཡིད་ཀྱི་རྣམ་པར་ཤེས་པ་ལ་རྟོག་པ་ལགས་སམ། {མྱིག་,མིག་}གི་འདུས་ཏེ་རེག་པ་ལ་རྟོག་པ་ལགས་སམ། རྣ་བའི་འདུས་ཏེ་རེག་པ་ལ་རྟོག་པ་ལགས་སམ། སྣའི་འདུས་ཏེ་རེག་པ་ལ་རྟོག་པ་

D8.022.0359b03.01
4

ལགས་སམ། ལྕེའི་འདུས་ཏེ་རེག་པ་ལ་རྟོག་པ་ལགས་སམ། ལུས་ཀྱི་འདུས་ཏེ་རེག་པ་ལ་རྟོག་པ་ལགས་སམ། ཡིད་ཀྱི་འདུས་ཏེ་རེག་པ་ལ་རྟོག་པ་ལགས་སམ། {མྱིག་,མིག་}གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་རྟོག་པ་ལགས་སམ། རྣ་བའི་

D8.022.0359b04.01
5

འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་རྟོག་པ་ལགས་སམ། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་རྟོག་པ་ལགས་སམ། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་རྟོག་པ་ལགས་སམ། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་རྟོག་པ་

D8.022.0359b05.01
6

ལགས་སམ། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་རྟོག་པ་ལགས་སམ། སའི་ཁམས་ལ་རྟོག་པ་ལགས་སམ། ཆུའི་ཁམས་ལ་རྟོག་པ་ལགས་སམ། {མྱེའི་,མེའི་}ཁམས་ལ་རྟོག་པ་ལགས་སམ། རླུང་གི་ཁམས་ལ་རྟོག་པ་ལགས་སམ།

D8.022.0359b06.01
7

ནམ་མཁའི་ཁམས་ལ་རྟོག་པ་ལགས་སམ། རྣམ་པར་ཤེས་པའི་ཁམས་ལ་རྟོག་པ་ལགས་སམ། མ་རིག་པ་ལ་རྟོག་པ་ལགས་སམ། འདུ་བྱེད་ལ་རྟོག་པ་ལགས་སམ། རྣམ་པར་ཤེས་པ་ལ་རྟོག་པ་ལགས་སམ། {མྱིང་,མིང་}དང་གཟུགས་ལ་རྟོག་པ་

D8.022.0359b07.01