藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 22 函德格 313a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །འདུས་མ་བྱས་སྟོང་པ་ཉིད་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །མཐའ་ལས་འདས་པ་སྟོང་

D8.022.0313a01.01
2

པ་ཉིད་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ཐོག་མ་དང་ཐ་མ་{མྱེད་,མེད་}པ་སྟོང་པ་ཉིད་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །དོར་བ་{མྱེད་,མེད་}པ་སྟོང་པ་ཉིད་ནི་ནམ་

D8.022.0313a02.01
3

མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །རང་བཞིན་སྟོང་པ་ཉིད་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ཆོས་ཐམས་ཅད་སྟོང་པ་ཉིད་ནི་ནམ་མཁའི་ངང་ཚུལ་ཅན་

D8.022.0313a03.01
4

ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །རང་གི་མཚན་ཉིད་སྟོང་པ་ཉིད་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །{མྱི་,མི་}{དམྱིགས་,དམིགས་}པ་སྟོང་པ་ཉིད་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་

D8.022.0313a04.01
5

སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །དངོས་པོ་{མྱེད་,མེད་}པ་སྟོང་པ་ཉིད་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ངོ་བོ་ཉིད་སྟོང་པ་ཉིད་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་

D8.022.0313a05.01
6

ལ་ཆོས་སྟོན་ཏོ། །དངོས་པོ་{མྱེད་,མེད་}པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །དྲན་པ་ཉེ་བར་གཞག་པ་རྣམས་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །

D8.022.0313a06.01
7

ཡང་དག་པར་སྤོང་བ་རྣམས་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །དབང་པོ་རྣམས་ནི་ནམ་

D8.022.0313a07.01