shes rab kyi pha rol tu phyin pa stong phrag brgya pa/
当前为德格木刻版 54a。藏文 NFD 原样保留,并提供可引用的稳定行号。
- 本页内容
- 藏文原典 · 德格版页
- 德格版页
- 54a
- 可引用原文
- 7 行
- 全文规模
- 全经 65909 稳定行段
- 责任者
- 藏译责任依各经题记;本批次未逐条裁决
- 正文语种
- 藏文
- 权利
- Public Domain;保留固定提交、版本边界与来源署名
函目录 · 13 函第 22 函 · 德格 54a
选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。
我的选文རབ་འབྱོར་དེ་བས་ན་གལ་ཏེ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཟླ་བ་གཅིག་གིས་བྲི་བར་བྱས་ན་ཡང་དེས་དེ་བཞིན་དུ་བྲི་བར་བྱའོ། །གལ་ཏེ་ཟླ་བ་གཉིས་སམ། གལ་ཏེ་ཟླ་བ་གསུམ་མམ། གལ་ཏེ་ཟླ་བ་བཞིའམ། གལ་ཏེ་ཟླ་བ་ལྔའམ། གལ་ཏེ་ཟླ་བ་དྲུག་གམ། གལ་ཏེ་ལོའི་བར་གྱིས་བྲི་བར་བྱས་ན་ཡང་དེ་བཞིན་དུ་བྲི་བར་བྱའོ། །གལ་ཏེ་ཟླ་བ་གཅིག་གིས་བསྟན་པ་དང་། ལུང་འབོག་པ་དང་། ཁ་ཏོན་བྱ་བ་དང་། ཚུལ་
བཞིན་དུ་ཡིད་ལ་བྱ་བ་དང་། བསྒོམ་པར་བྱས་ན་ཡང་དེ་བཞིན་དུ་བསྒོམ་པར་བྱའོ། །གལ་ཏེ་ལོའི་བར་གྱིས་བསྒོམ་པར་བྱས་ན་ཡང་དེ་བཞིན་དུ་བསྒོམ་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་ནོར་བུ་རིན་པོ་ཆེ་ཆེན་པོ་ལ་བར་ཆད་མང་དུ་འབྱུང་ངོ་། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཅི་ནས་ཀྱང་{མྱི་,མི་}བྲི་བ་དང་། {མྱི་,མི་}ཀླག་པ་དང་། {མྱི་,མི་}བསྟན་པ་དང་། ཁ་ཏོན་{མྱི་,མི་}བགྱི་བ་དང་། ཡིད་ལ་{མྱི་,མི་}བགྱི་བ་དང་། {མྱི་,མི་}བསྒོམ་པའི་སླད་དུ་བདུད་སྡིག་ཏོ་
ཅན་དག་བར་ཆད་{མྱི་,མི་}བགྱིད་པ་ངོ་མཚར་ཆེའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ཅི་ནས་ཀྱང་{མྱི་,མི་}བྲི་བ་དང་། {མྱི་,མི་}ཀླག་པ་དང་། {མྱི་,མི་}བསྟན་པ་དང་། ཁ་ཏོན་{མྱི་,མི་}བྱ་བ་དང་། ཚུལ་བཞིན་དུ་ཡིད་ལ་{མྱི་,མི་}བྱ་བ་དང་། {མྱི་,མི་}བསྒོམ་པའི་ཕྱིར་བདུད་སྡིག་ཏོ་ཅན་བར་ཆད་{མྱི་,མི་}བྱེད་པ་ཡང་མ་ཡིན་མོད། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ཀློག་པ་དང་། ཁ་ཏོན་བྱེད་པ་
དང་། བསྒོམ་པ་རྣམས་ལ་བར་ཆད་བྱ་བར་{མྱི་,མི་}ནུས་སོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅིའི་མཐུས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་
版本与引用信息
母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。
- 目录
- 德格目录 D8
- 德格版页
- 54a
- 显示
- 忠实保留藏文原典·未添加机器译文
研究边界
书目关系边界:BDRC WA0RK0008 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。
归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。