藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 22 函德格 272a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ནི་སའི་ཁམས་སོ། །ཆུའི་ཁམས་ལ་འདོད་པ་མ་སྐྱེད་ཅིག། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་{མྱེད་,མེད་}པ་ནི་ཆུའི་ཁམས་སོ། །{མྱེའི་,མེའི་}ཁམས་ལ་འདོད་པ་མ་སྐྱེད་ཅིག། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་{མྱེད་,མེད་}པ་ནི་

D8.022.0272a01.01
2

{མྱེའི་,མེའི་}ཁམས་སོ། །རླུང་གི་ཁམས་ལ་འདོད་པ་མ་སྐྱེད་ཅིག། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་{མྱེད་,མེད་}པ་ནི་རླུང་གི་ཁམས་སོ། །ནམ་མཁའི་ཁམས་ལ་འདོད་པ་མ་སྐྱེད་ཅིག། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་{མྱེད་,མེད་}པ་ནི་

D8.022.0272a02.01
3

ནམ་མཁའི་ཁམས་སོ། །རྣམ་པར་ཤེས་པའི་ཁམས་ལ་འདོད་པ་མ་སྐྱེད་ཅིག། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་{མྱེད་,མེད་}པ་ནི་རྣམ་པར་ཤེས་པའི་ཁམས་སོ། །མ་རིག་པ་ལ་འདོད་པ་མ་སྐྱེད་ཅིག། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་

D8.022.0272a03.01
4

བུ་འདོད་པ་{མྱེད་,མེད་}པ་ནི་མ་རིག་པའོ། །འདུ་བྱེད་ལ་འདོད་པ་མ་སྐྱེད་ཅིག། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་{མྱེད་,མེད་}པ་ནི་འདུ་བྱེད་དོ། །རྣམ་པར་ཤེས་པ་ལ་འདོད་པ་མ་སྐྱེད་ཅིག། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་{མྱེད་,མེད་}

D8.022.0272a04.01
5

པ་ནི་རྣམ་པར་ཤེས་པའོ། །{མྱིང་,མིང་}དང་གཟུགས་ལ་འདོད་པ་མ་སྐྱེད་ཅིག། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་{མྱེད་,མེད་}པ་ནི་{མྱིང་,མིང་}དང་གཟུགས་སོ། །སྐྱེ་མཆེད་དྲུག་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་

D8.022.0272a05.01
6

འདོད་པ་{མྱེད་,མེད་}པ་ནི་སྐྱེ་མཆེད་དྲུག་གོ། །རེག་པ་ལ་འདོད་པ་མ་སྐྱེད་ཅིག། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་{མྱེད་,མེད་}པ་ནི་རེག་པའོ། །ཚོར་བ་ལ་འདོད་པ་མ་སྐྱེད་ཅིག། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་{མྱེད་,མེད་}པ་

D8.022.0272a06.01
7

ནི་ཚོར་བའོ། །སྲེད་པ་ལ་འདོད་པ་མ་སྐྱེད་ཅིག། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་{མྱེད་,མེད་}པ་ནི་སྲེད་པའོ། །ལེན་པ་ལ་འདོད་པ་མ་སྐྱེད་ཅིག། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་{མྱེད་,མེད་}པ་ནི་ལེན་པའོ། །སྲིད་པ་

D8.022.0272a07.01