藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 22 函德格 196a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

འདིས་ཆོས་ཐམས་ཅད་བསམ་གྱིས་{མྱི་,མི་}ཁྱབ་དཔག་ཏུ་{མྱེད་,མེད་}གཞལ་དུ་{མྱེད་,མེད་}པ་སྟེ། {མྱི་,མི་}མཉམ་པ་དང་མཉམ་པའོ། །རབ་འབྱོར་དེ་བཞིན་གཤེགས་པའི་དེ་བཞིན་གཤེགས་པའི་ཆོས་འདི་དག་ནི་བསམ་པ་དང་བྲལ་བའི་ཕྱིར་

D8.022.0196a01.01
2

བསམ་གྱིས་{མྱི་,མི་}ཁྱབ་པའོ། །དཔག་པ་དང་བྲལ་བའི་ཕྱིར་དཔག་ཏུ་{མྱེད་,མེད་}པའོ། །ཚད་དང་བྲལ་བའི་ཕྱིར་གཞལ་དུ་{མྱེད་,མེད་}པའོ། །མཉམ་པ་དང་{མྱི་,མི་}མཉམ་པ་དང་བྲལ་བའི་ཕྱིར་{མྱི་,མི་}མཉམ་པ་དང་མཉམ་པ་སྟེ། རབ་འབྱོར་རྣམ་གྲངས་དེས་ནི་ཆོས་

D8.022.0196a02.01
3

ཐམས་ཅད་བསམ་གྱིས་{མྱི་,མི་}ཁྱབ་དཔག་ཏུ་{མྱེད་,མེད་}གཞལ་དུ་{མྱེད་,མེད་}པ་སྟེ། {མྱི་,མི་}མཉམ་པ་དང་མཉམ་པའོ། །རབ་འབྱོར་དེ་བཞིན་གཤེགས་པའི་དེ་བཞིན་གཤེགས་པའི་ཆོས་འདི་དག་ནི་བསམ་པ་ལས་ཡོངས་སུ་འདས་པས་ན། བསམ་

D8.022.0196a03.01
4

གྱིས་མི་ཁྱབ་པའོ། །དཔག་པ་ལས་ཡོངས་སུ་འདས་པས་ན་དཔག་ཏུ་{མྱེད་,མེད་}པའོ། །ཚད་ལས་ཡོངས་སུ་འདས་པས་ན་གཞལ་དུ་{མྱེད་,མེད་}པའོ། །མཉམ་པ་དང་{མྱི་,མི་}མཉམ་པ་ལས་ཡོངས་སུ་འདས་པས་ན། {མྱི་,མི་}མཉམ་པ་དང་མཉམ་

D8.022.0196a04.01
5

པའོ། །རབ་འབྱོར་བསམ་གྱིས་{མྱི་,མི་}ཁྱབ་ཅེས་བྱ་བ་འདི་ནི་བསམ་དུ་{མྱེད་,མེད་}པའི་ཚིག་{བླ་དགས་,བླ་དྭགས་}སོ། །རབ་འབྱོར་དཔག་ཏུ་{མྱེད་,མེད་}ཅེས་བྱ་བ་འདི་ནི་དཔག་ཏུ་{མྱི་,མི་}རུང་བའི་ཚིག་{བླ་དགས་,བླ་དྭགས་}སོ། །རབ་འབྱོར་གཞལ་དུ་{མྱེད་,མེད་}ཅེས་བྱ་བ་འདི་ནི་ཚད་

D8.022.0196a05.01
6

{མྱེད་,མེད་}པའི་ཚིག་{བླ་དགས་,བླ་དྭགས་}སོ། །རབ་འབྱོར་{མྱི་,མི་}མཉམ་པ་དང་མཉམ་པ་ཞེས་བྱ་བ་འདི་ནི་མཉམ་པས་མཉམ་པ་{མྱེད་,མེད་}པའི་ཚིག་{བླ་དགས་,བླ་དྭགས་}ཏེ། རབ་འབྱོར་དེ་བཞིན་གཤེགས་པའི་དེ་བཞིན་གཤེགས་པའི་ཆོས་འདི་དག་ནི་བསམ་

D8.022.0196a06.01
7

གྱིས་{མྱི་,མི་}ཁྱབ་དཔག་ཏུ་{མྱེད་,མེད་}གཞལ་དུ་{མྱེད་,མེད་}པ་སྟེ། {མྱི་,མི་}མཉམ་པ་དང་མཉམ་པའོ། །རབ་འབྱོར་བསམ་གྱིས་{མྱི་,མི་}ཁྱབ་ཅེས་བྱ་བ་ནི་ནམ་མཁའ་བསམ་གྱིས་{མྱི་,མི་}ཁྱབ་པའི་ཕྱིར་རོ། །དཔག་ཏུ་{མྱེད་,མེད་}ཅེས་བྱ་བ་ནི་ནམ་མཁའ་

D8.022.0196a07.01