shes rab kyi pha rol tu phyin pa stong phrag brgya pa/
当前为德格木刻版 53b。藏文 NFD 原样保留,并提供可引用的稳定行号。
- 本页内容
- 藏文原典 · 德格版页
- 德格版页
- 53b
- 可引用原文
- 7 行
- 全文规模
- 全经 65909 稳定行段
- 责任者
- 藏译责任依各经题记;本批次未逐条裁决
- 正文语种
- 藏文
- 权利
- Public Domain;保留固定提交、版本边界与来源署名
函目录 · 13 函第 22 函 · 德格 53b
选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。
我的选文གྱི་རྐང་པ་དག་པ་དང་། དབང་པོ་དག་པ་དང་། སྟོབས་དག་པ་དང་། བྱང་ཆུབ་ཀྱི་ཡན་ལག་དག་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དག་པ་དང་། འཕགས་པའི་བདེན་པ་དག་པ་དང་། བསམ་གཏན་དག་པ་དང་། ཚད་{མྱེད་,མེད་}པ་དག་པ་དང་།གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་དག་པ་དང་། རྣམ་པར་ཐར་པ་དག་པ་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དག་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་{མྱེད་,མེད་}པ་དང་། སྨོན་པ་{མྱེད་,མེད་}པ་དག་པ་དང་། མངོན་
པར་ཤེས་པ་དག་པ་དང་། ཏིང་ངེ་འཛིན་དག་པ་དང་། གཟུངས་ཀྱི་སྒོ་དག་པ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དག་པ་དང་། {མྱི་,མི་}འཇིགས་པ་བཞི་དག་པ་དང་། སོ་སོ་ཡང་དག་པར་རིག་པ་བཞི་དག་པ་དང་། སྙིང་རྗེ་ཆེན་པོ་དག་པ་དང་།སངས་རྒྱས་ཀྱི་ཆོས་མ་འདྲེས་པ་{བཅྭོ་,བཅོ་}བརྒྱད་དག་པ་དང་། ཐམས་ཅད་ཤེས་པ་ཉིད་དག་པ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་དག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དག་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དག་པའི་ཕུང་
པོའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་དེ་ལྟ་བུ་བསྟན་པའི་ཚེ། བར་ཆད་མང་དུ་{མྱི་,མི་}འབྱུང་བ་ནི་ངོ་མཚར་ཆེའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བར་ཆད་མང་པོ་འབྱུང་སྟེ། དེ་བས་ན་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བྲི་བ་དང་། ཀླག་པ་དང་། བསྟན་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱ་བ་དང་།
བསྒོམ་པར་བྱ་བ་ལ་བར་ཆད་དུ་{མྱི་,མི་}འགྱུར་བར་བྲི་ན་ཡང་མྱུར་དུ་བྲི་བར་བྱའོ། །ཀླག་ན་ཡང་མྱུར་དུ་ཀླག་གོ །བསྟན་ན་ཡང་མྱུར་དུ་བསྟན་ཏོ། །ཚུལ་བཞིན་དུ་ཡིད་ལ་བྱ་ན་ཡང་མྱུར་དུ་ཚུལ་བཞིན་དུ་ཡིད་ལ་བྱའོ། །བསྒོམ་ན་ཡང་མྱུར་དུ་བསྒོམ་མོ། །
版本与引用信息
母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。
- 目录
- 德格目录 D8
- 德格版页
- 53b
- 显示
- 忠实保留藏文原典·未添加机器译文
研究边界
书目关系边界:BDRC WA0RK0008 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。
归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。