完整藏文原文 · 德格版页 当前仅加载第 22 函德格 198a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
སམ། རང་སངས་རྒྱས་ཀྱི་ཆོས་སམ། བྱང་ཆུབ་སེམས་དཔའི་ཆོས་སམ། སངས་རྒྱས་ཀྱི་ཆོས་གང་ཡང་རུང་སྟེ། དེ་དག་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་འདུས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་དག་གི་
D8.022.0198a01.01བྱ་བ་བྱེད་དོ། །རབ་འབྱོར་དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱ་བ་ཆེན་པོའི་ཕྱིར་ཉེ་བར་གནས་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱ་བ་བསམ་གྱིས་{མྱི་,མི་}ཁྱབ་པའི་ཕྱིར་ཉེ་བར་གནས་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱ་བ་
D8.022.0198a02.01དཔག་ཏུ་{མྱེད་,མེད་}པའི་ཕྱིར་ཉེ་བར་གནས་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱ་བ་གཞལ་དུ་{མྱེད་,མེད་}པའི་ཕྱིར་ཉེ་བར་གནས་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱ་བ་{མྱི་,མི་}མཉམ་པ་དང་མཉམ་པའི་ཕྱིར་ཉེ་བར་གནས་པའོ། །དེ་ཅིའི་ཕྱིར་
D8.022.0198a03.01ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ནི་གཟུགས་ལ་ཡོངས་སུ་འཛིན་པ་{མྱེད་,མེད་}པ་དང་། མངོན་པར་ཆགས་པ་མེད་པར་ཉེ་བར་གནས་པའོ། །ཚོར་བ་ལ་ཡོངས་སུ་འཛིན་པ་{མྱེད་,མེད་}པ་དང་མངོན་པར་ཆགས་
D8.022.0198a04.01པ་{མྱེད་,མེད་}པར་ཉེ་བར་གནས་པའོ། །འདུ་ཤེས་ལ་ཡོངས་སུ་འཛིན་པ་{མྱེད་,མེད་}པ་དང་། མངོན་པར་ཆགས་པ་{མྱེད་,མེད་}པར་ཉེ་བར་གནས་པའོ། །འདུ་བྱེད་ལ་ཡོངས་སུ་འཛིན་པ་{མྱེད་,མེད་}པ་དང་། མངོན་པར་ཆགས་པ་{མྱེད་,མེད་}པར་ཉེ་བར་གནས་པའོ། །
D8.022.0198a05.01རྣམ་པར་ཤེས་པ་ལ་ཡོངས་སུ་འཛིན་པ་{མྱེད་,མེད་}པ་དང་། མངོན་པར་ཆགས་པ་{མྱེད་,མེད་}པར་ཉེ་བར་གནས་པའོ། །{མྱིག་,མིག་}ལ་ཡོངས་སུ་འཛིན་པ་{མྱེད་,མེད་}པ་དང་། མངོན་པར་ཆགས་པ་{མྱེད་,མེད་}པར་ཉེ་བར་གནས་པའོ། །རྣ་བ་ལ་ཡོངས་སུ་འཛིན་པ་{མྱེད་,མེད་}
D8.022.0198a06.01པ་དང་། མངོན་པར་ཆགས་པ་{མྱེད་,མེད་}པར་ཉེ་བར་གནས་པའོ། །སྣ་ལ་ཡོངས་སུ་འཛིན་པ་{མྱེད་,མེད་}པ་དང་། མངོན་པར་ཆགས་པ་{མྱེད་,མེད་}པར་ཉེ་བར་གནས་པའོ། །ལྕེ་ལ་ཡོངས་སུ་འཛིན་པ་{མྱེད་,མེད་}པ་དང་། མངོན་པར་ཆགས་པ་{མྱེད་,མེད་}པར་ཉེ་བར་
D8.022.0198a07.01