完整藏文原文 · 德格版页 当前仅加载第 22 函德格 266b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པར་རྟོག་པར་མ་བྱེད་ཅིག །བཟོད་པའི་ཕ་རོལ་ཏུ་ཕྱིན་པར་རྟོག་པར་མ་བྱེད་ཅིག །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པར་རྟོག་པར་མ་བྱེད་ཅིག །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པར་རྟོག་པར་མ་བྱེད་ཅིག །ཤེས་རབ་
D8.022.0266b01.01ཀྱི་ཕ་རོལ་ཏུ་ཕྱིན་པར་རྟོག་པར་མ་བྱེད་ཅིག །རིགས་ཀྱི་བུ་ཁྱོད་བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནང་སྟོང་པ་ཉིད་དུ་རྟོག་པར་མ་བྱེད་ཅིག །ཕྱི་སྟོང་པ་ཉིད་དུ་རྟོག་པར་མ་བྱེད་ཅིག །ཕྱི་ནང་སྟོང་པ་ཉིད་དུ་རྟོག་པར་མ་བྱེད་ཅིག །སྟོང་པ་
D8.022.0266b02.01ཉིད་སྟོང་པ་ཉིད་དུ་རྟོག་པར་མ་བྱེད་ཅིག །ཆེན་པོ་སྟོང་པ་ཉིད་དུ་རྟོག་པར་མ་བྱེད་ཅིག །དོན་དམ་པ་སྟོང་པ་ཉིད་དུ་རྟོག་པར་མ་བྱེད་ཅིག །འདུས་བྱས་སྟོང་པ་ཉིད་དུ་རྟོག་པར་མ་བྱེད་ཅིག །འདུས་མ་བྱས་སྟོང་པ་ཉིད་དུ་རྟོག་པར་མ་བྱེད་ཅིག །
D8.022.0266b03.01མཐའ་ལས་འདས་པ་སྟོང་པ་ཉིད་དུ་རྟོག་པར་མ་བྱེད་ཅིག །ཐོག་མ་དང་ཐ་མ་{མྱེད་,མེད་}པ་སྟོང་པ་ཉིད་དུ་རྟོག་པར་མ་བྱེད་ཅིག །དོར་བ་{མྱེད་,མེད་}པ་སྟོང་པ་ཉིད་དུ་རྟོག་པར་མ་བྱེད་ཅིག །རང་བཞིན་སྟོང་པ་ཉིད་དུ་རྟོག་པར་མ་བྱེད་ཅིག །ཆོས་ཐམས་
D8.022.0266b04.01ཅད་སྟོང་པ་ཉིད་དུ་རྟོག་པར་མ་བྱེད་ཅིག །རང་གི་མཚན་ཉིད་སྟོང་པ་ཉིད་དུ་རྟོག་པར་མ་བྱེད་ཅིག །{མྱི་,མི་}{དམྱིགས་,དམིགས་}པ་སྟོང་པ་ཉིད་དུ་རྟོག་པར་མ་བྱེད་ཅིག །དངོས་པོ་{མྱེད་,མེད་}པ་སྟོང་པ་ཉིད་དུ་རྟོག་པར་མ་བྱེད་ཅིག །ངོ་བོ་ཉིད་སྟོང་པ་ཉིད་དུ་རྟོག་
D8.022.0266b05.01པར་མ་བྱེད་ཅིག །དངོས་པོ་{མྱེད་,མེད་}པའི་ངོ་བོ་ཉིད་སྟོང་པ་ཉིད་དུ་རྟོག་པར་མ་བྱེད་ཅིག །རིགས་ཀྱི་བུ་ཁྱོད་བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དྲན་པ་ཉེ་བར་གཞག་པ་རྣམས་སུ་རྟོག་པར་མ་བྱེད་ཅིག །ཡང་དག་པར་སྤོང་བ་རྣམས་སུ་
D8.022.0266b06.01རྟོག་པར་མ་བྱེད་ཅིག །རྫུ་འཕྲུལ་གྱི་རྐང་པ་རྣམས་སུ་རྟོག་པར་མ་བྱེད་ཅིག །དབང་པོ་རྣམས་སུ་རྟོག་པར་མ་བྱེད་ཅིག །སྟོབས་རྣམས་སུ་རྟོག་པར་མ་བྱེད་ཅིག །བྱང་ཆུབ་ཀྱི་ཡན་ལག་རྣམས་སུ་རྟོག་པར་མ་བྱེད་ཅིག །ལམ་
D8.022.0266b07.01