shes rab kyi pha rol tu phyin pa stong phrag brgya pa/
当前为德格木刻版 131b。藏文 NFD 原样保留,并提供可引用的稳定行号。
- 本页内容
- 藏文原典 · 德格版页
- 德格版页
- 131b
- 可引用原文
- 7 行
- 全文规模
- 全经 65909 稳定行段
- 责任者
- 藏译责任依各经题记;本批次未逐条裁决
- 正文语种
- 藏文
- 权利
- Public Domain;保留固定提交、版本边界与来源署名
函目录 · 13 函第 22 函 · 德格 131b
选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。
我的选文གཤེགས་པའི་སྟོབས་བཅུ་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་{མྱི་,མི་}འཇིགས་པ་བཞི་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་སོ་སོ་ཡང་དག་པར་རིག་པ་རྣམས་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས།ཇི་ལྟར་ན་སྙིང་རྗེ་ཆེན་པོ་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་{བཅྭོ་,བཅོ་}བརྒྱད་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་རྒྱུན་ཏུ་ཞུགས་པའི་འབྲས་བུ་མཐོང་བ་མ་མཆིས་པའི་
སླད་དུ་སྟོན་པ་ལགས། ཇི་ལྟར་ན་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་ཕྱིར་{མྱི་,མི་}འོང་བའི་འབྲས་བུ་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་དགྲ་བཅོམ་པ་ཉིད་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་རང་བྱང་ཆུབ་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་ལམ་གྱི་རྣམ་པ་ཤེས་པ་ཉིད་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་རྣམ་པ་ཐམས་
ཅད་མཁྱེན་པ་ཉིད་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ནམ་གཟུགས་ལ་{དམྱིགས་,དམིགས་}པའི་རྣམ་པར་ཤེས་པ་{མྱི་,མི་}འབྱུང་བའི་ཚེ། གཟུགས་མཐོང་བ་{མྱེད་,མེད་}པའི་ཕྱིར་སྟོན་པའོ། །ནམ་ཚོར་བ་ལ་{དམྱིགས་,དམིགས་}པའི་རྣམ་པར་ཤེས་པ་{མྱི་,མི་}འབྱུང་བའི་ཚེ། ཚོར་བ་མཐོང་བ་{མྱེད་,མེད་}པའི་ཕྱིར་སྟོན་པའོ། །ནམ་འདུ་ཤེས་ལ་{དམྱིགས་,དམིགས་}པའི་རྣམ་པར་ཤེས་པ་{མྱི་,མི་}འབྱུང་བའི་ཚེ། འདུ་ཤེས་མཐོང་བ་{མྱེད་,མེད་}པའི་ཕྱིར་སྟོན་པའོ། །
ནམ་འདུ་བྱེད་ལ་{དམྱིགས་,དམིགས་}པའི་རྣམ་པར་ཤེས་པ་{མྱི་,མི་}འབྱུང་བའི་ཚེ། འདུ་བྱེད་མཐོང་བ་{མྱེད་,མེད་}པའི་ཕྱིར་སྟོན་པའོ། །ནམ་རྣམ་པར་ཤེས་པ་ལ་{དམྱིགས་,དམིགས་}པའི་རྣམ་པར་ཤེས་པ་{མྱི་,མི་}འབྱུང་བའི་ཚེ། རྣམ་པར་ཤེས་པ་མཐོང་བ་{མྱེད་,མེད་}པའི་
版本与引用信息
母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。
- 目录
- 德格目录 D8
- 德格版页
- 131b
- 显示
- 忠实保留藏文原典·未添加机器译文
研究边界
书目关系边界:BDRC WA0RK0008 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。
归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。