藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 22 函德格 282a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

དེ་ནི། ནམ་མཁའི་ཁམས་ཀྱི་སྐྱེ་བ་{མྱེད་,མེད་}པའོ། །ནམ་མཁའི་ཁམས་ཀྱི་སྐྱེ་བ་{མྱེད་,མེད་}པ་གང་ཡིན་པ་དེ་ནི། ནམ་མཁའི་ཁམས་ཀྱི་འགག་པ་{མྱེད་,མེད་}པའོ། །ནམ་མཁའི་ཁམས་ཀྱི་འགག་པ་{མྱེད་,མེད་}པ་གང་ཡིན་པ་དེ་ནི། ནམ་

D8.022.0282a01.01
2

མཁའི་ཁམས་ཀྱི་འདྲེ་བ་{མྱེད་,མེད་}པའོ། །རྣམ་པར་ཤེས་པའི་ཁམས་ཀྱི་འདྲེ་བ་{མྱེད་,མེད་}པ་གང་ཡིན་པ་དེ་ནི། རྣམ་པར་ཤེས་པའི་ཁམས་ཀྱི་འབྲེལ་པ་{མྱེད་,མེད་}པའོ། །རྣམ་པར་ཤེས་པའི་ཁམས་ཀྱི་འབྲེལ་པ་{མྱེད་,མེད་}པ་གང་ཡིན་པ་དེ་ནི། རྣམ་པར་

D8.022.0282a02.01
3

ཤེས་པའི་ཁམས་ཀྱི་སྐྱེ་བ་{མྱེད་,མེད་}པའོ། །རྣམ་པར་ཤེས་པའི་ཁམས་ཀྱི་སྐྱེ་བ་{མྱེད་,མེད་}པ་གང་ཡིན་པ་དེ་ནི། རྣམ་པར་ཤེས་པའི་ཁམས་ཀྱི་འགག་པ་{མྱེད་,མེད་}པའོ། །རྣམ་པར་ཤེས་པའི་ཁམས་ཀྱི་འགག་པ་{མྱེད་,མེད་}པ་གང་ཡིན་པ་དེ་ནི། རྣམ་པར་

D8.022.0282a03.01
4

ཤེས་པའི་ཁམས་ཀྱི་འདྲེ་བ་{མྱེད་,མེད་}པའོ། །མ་རིག་པའི་འདྲེ་བ་{མྱེད་,མེད་}པ་གང་ཡིན་པ་དེ་ནི། མ་རིག་པའི་འབྲེལ་པ་{མྱེད་,མེད་}པའོ། །མ་རིག་པའི་འབྲེལ་པ་{མྱེད་,མེད་}པ་གང་ཡིན་པ་དེ་ནི། མ་རིག་པའི་སྐྱེ་བ་{མྱེད་,མེད་}པའོ། །མ་རིག་པའི་སྐྱེ་བ་{མྱེད་,མེད་}པ་གང་ཡིན་

D8.022.0282a04.01
5

པ་དེ་ནི། མ་རིག་པའི་འགག་པ་{མྱེད་,མེད་}པའོ། །མ་རིག་པའི་འགག་པ་{མྱེད་,མེད་}པ་གང་ཡིན་པ་དེ་ནི། མ་རིག་པའི་འདྲེ་བ་{མྱེད་,མེད་}པའོ། །འདུ་བྱེད་ཀྱི་འདྲེ་བ་{མྱེད་,མེད་}པ་གང་ཡིན་པ་དེ་ནི། འདུ་བྱེད་ཀྱི་འབྲེལ་པ་{མྱེད་,མེད་}པའོ། །འདུ་བྱེད་ཀྱི་འབྲེལ་པ་{མྱེད་,མེད་}

D8.022.0282a05.01
6

པ་གང་ཡིན་པ་དེ་ནི། འདུ་བྱེད་ཀྱི་སྐྱེ་བ་{མྱེད་,མེད་}པའོ། །འདུ་བྱེད་ཀྱི་སྐྱེ་བ་{མྱེད་,མེད་}པ་གང་ཡིན་པ་དེ་ནི། འདུ་བྱེད་ཀྱི་འགག་པ་{མྱེད་,མེད་}པའོ། །འདུ་བྱེད་ཀྱི་འགག་པ་{མྱེད་,མེད་}པ་གང་ཡིན་པ་དེ་ནི། འདུ་བྱེད་ཀྱི་འདྲེ་བ་{མྱེད་,མེད་}པའོ། །རྣམ་པར་ཤེས་

D8.022.0282a06.01
7

པའི་འདྲེ་བ་{མྱེད་,མེད་}པ་གང་ཡིན་པ་དེ་ནི། རྣམ་པར་ཤེས་པའི་འབྲེལ་པ་{མྱེད་,མེད་}པའོ། །རྣམ་པར་ཤེས་པའི་འབྲེལ་པ་{མྱེད་,མེད་}པ་གང་ཡིན་པ་དེ་ནི། རྣམ་པར་ཤེས་པའི་སྐྱེ་བ་{མྱེད་,མེད་}པའོ། །རྣམ་པར་ཤེས་པའི་སྐྱེ་བ་{མྱེད་,མེད་}པ་གང་ཡིན་པ་དེ་ནི།

D8.022.0282a07.01