藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 22 函德格 355a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བརྟག་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོབས་རྣམས་ལ་མངོན་པར་ཆགས་པ་མེད་དམ་ཞེས་སྟོབས་རྣམས་ལ་བྱང་ཆུབ་སེམས་དཔའ་སེམས་

D8.022.0355a01.01
2

དཔའ་ཆེན་པོ་ཡོངས་སུ་བརྟག་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་མངོན་པར་ཆགས་པ་མེད་དམ་ཞེས། བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་བྱང་ཆུབ་སེམས་དཔའ་སེམས་

D8.022.0355a02.01
3

དཔའ་ཆེན་པོ་ཡོངས་སུ་བརྟག་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་མངོན་པར་ཆགས་པ་མེད་དམ་ཞེས། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་བྱང་ཆུབ་

D8.022.0355a03.01
4

སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བརྟག་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པའི་བདེན་པ་རྣམས་ལ་མངོན་པར་ཆགས་པ་{མྱེད་,མེད་}དམ་ཞེས་འཕགས་པའི་བདེན་པ་རྣམས་ལ་བྱང་ཆུབ་སེམས་དཔའ་སེམས་

D8.022.0355a04.01
5

དཔའ་ཆེན་པོ་ཡོངས་སུ་བརྟག་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་རྣམས་ལ་མངོན་པར་ཆགས་པ་{མྱེད་,མེད་}དམ་ཞེས། བསམ་གཏན་རྣམས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བརྟག་

D8.022.0355a05.01
6

པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚད་{མྱེད་,མེད་}པ་རྣམས་ལ་མངོན་པར་ཆགས་པ་{མྱེད་,མེད་}དམ་ཞེས་ཚད་{མྱེད་,མེད་}པ་རྣམས་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བརྟག་པར་བྱའོ། །རབ་འབྱོར་བྱང་ཆུབ་

D8.022.0355a06.01
7

སེམས་དཔའ་སེམས་དཔའ་ཆེན་པོ། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་མངོན་པར་ཆགས་པ་{མྱེད་,མེད་}དམ་ཞེས། གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་རྣམས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བརྟག་པར་

D8.022.0355a07.01