藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 22 函德格 57a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

འགྱུར་རོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་ནམ་ཡང་བྲལ་བར་{མྱི་,མི་}འགྱུར་རོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་{མྱེད་,མེད་}པ་དང་། སྨོན་པ་མེད་པ་དང་ནམ་ཡང་བྲལ་བར་{མྱི་,མི་}འགྱུར་རོ། །མངོན་

D8.022.0057a01.01
2

པར་ཤེས་པ་རྣམས་དང་ནམ་ཡང་བྲལ་བར་{མྱི་,མི་}འགྱུར་རོ། །ཏིང་ངེ་འཛིན་རྣམས་དང་ནམ་ཡང་བྲལ་བར་{མྱི་,མི་}འགྱུར་རོ། །གཟུངས་ཀྱི་སྒོ་རྣམས་དང་ནམ་ཡང་བྲལ་བར་{མྱི་,མི་}འགྱུར་རོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་དང་ནམ་ཡང་བྲལ་བར་{མྱི་,མི་}འགྱུར་རོ། །

D8.022.0057a02.01
3

{མྱི་,མི་}འཇིགས་པ་བཞི་དང་ནམ་ཡང་བྲལ་བར་{མྱི་,མི་}འགྱུར་རོ། །སོ་སོ་ཡང་དག་པར་རིག་པ་བཞི་དང་ནམ་ཡང་བྲལ་བར་{མྱི་,མི་}འགྱུར་རོ། །སྙིང་རྗེ་ཆེན་པོ་དང་ནམ་ཡང་བྲལ་བར་{མྱི་,མི་}འགྱུར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་{བཅྭོ་,བཅོ་}བརྒྱད་དང་ནམ་ཡང་བྲལ་

D8.022.0057a03.01
4

བར་{མྱི་,མི་}འགྱུར་རོ། །ཤ་ར་དྭ་ཏིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དེ་བཞིན་གཤེགས་པ་འདས་ནས། ལྷོ་ཕྱོགས་ཀྱི་རྒྱུད་ན་སྤྱོད་པར་འགྱུར་ཏེ། དེ་ན་བྱང་ཆུབ་སེམས་དཔའི་ཐེག་པ་པའི་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་

D8.022.0057a04.01
5

བསྙེན་མ་དག་མོས་པ་དམ་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བར་འགྱུར། འཛིན་པར་འགྱུར། འཆང་བར་འགྱུར། ཀློག་པར་འགྱུར། ཀུན་ཆུབ་པར་བྱེད་པར་འགྱུར། ཚུལ་བཞིན་དུ་ཡིད་ལ་བྱེད་པར་འགྱུར་ཏེ། མེ་ཏོག་

D8.022.0057a05.01
6

དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་མང་པོས་རིམ་གྲོར་བྱེད། བཀུར་སྟིར་བྱེད། ཕུ་དུད་དུ་བྱེད། མཆོད་པར་བྱེད་པར་འགྱུར་རོ། །དེ་དག་དགེ་བའི་རྩ་བ།

D8.022.0057a06.01
7

དེས་ནམ་ཡང་ངན་སོང་ལོག་པར་ལྟུང་བར་{མྱི་,མི་}འདོང་སྟེ། དེ་དག་གིས་ལྷ་དང་{མྱིའི་,མིའི་}ཕུན་སུམ་ཚོགས་པ་རྨྱོང་ཞིང་། ཕ་རོལ་ཏུ་ཕྱིན་པ་དྲུག་གིས་མངོན་པར་འཕགས་པར་འགྱུར་རོ། །དེ་དག་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་གིས་མངོན་པར་འཕགས་

D8.022.0057a07.01