藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8第 22 函 · 德格 232b

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8
返回文本目录:《shes rab kyi pha rol tu phyin pa stong phrag brgya pa/》
德格《甘珠尔》D8藏文原典完整藏文原文 · 德格版页

shes rab kyi pha rol tu phyin pa stong phrag brgya pa/

当前为德格木刻版 232b。藏文 NFD 原样保留,并提供可引用的稳定行号。

本页内容
藏文原典 · 德格版页
德格版页
232b
可引用原文
7 行
全文规模
全经 65909 稳定行段
责任者
藏译责任依各经题记;本批次未逐条裁决
正文语种
藏文
权利
Public Domain;保留固定提交、版本边界与来源署名
函目录 · 13 函第 22 函 · 德格 232b
阅读设置设置会在阅读页间保留

忠实保留藏文原典。藏文 Unicode NFD、德格版页次序与稳定行号保持不变;不加入机器译文。

选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。

我的选文

འདྲི་བ་དང་། འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བགྱིད་ཅིང་། ཚུལ་བཞིན་དུ་ཡིད་ལ་བགྱིད་ན། དེ་གང་ནས་ཤི་འཕོས་ཏེ། འདིར་སྐྱེས་པར་གྱུར་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་མ་ཐག་ཏུ་མོས་ཤིང་ཞུམ་པར་{མྱི་,མི་}འགྱུར། ཡོངས་སུ་ཞུམ་པར་{མྱི་,མི་}འགྱུར་ལ། རྨོངས་པར་{མྱི་,མི་}འགྱུར་ཞིང་ཐེ་ཙོམ་{མྱི་,མི་}ཟ། ནེམ་ནུར་{མྱི་,མི་}བྱེད་ལ། ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉན་པར་མངོན་པར་དགའ་ཞིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ནས་ཀྱང་ཡིད་ལ་བྱ་བ་དེ་དག་དང་{མྱི་,མི་}འབྲལ་བར་{མྱི་,མི་}བྱེད་ལ། ཡིད་ལ་བྱ་བ་དེ་དག་འགྲོའམ། འོང་ངམ་འགྲེང་ངམ། འདུག་གམ་ཉལ་ཡང་རུང་སྟེ། རྟག་ཏུ་རྒྱུན་{མྱི་,མི་}འཆད་པར་འཇིག་པར་{མྱི་,མི་}བྱེད་ཅིང་། ཆོས་སྨྲ་བའི་གང་ཟག་དེ་ལ་ཡང་རྟག་ཏུ་རྒྱུན་{མྱི་,མི་}འཆད་པར་འབྲང་སྟེ། རབ་འབྱོར་དཔེར་ན་བ་དྲུས་མ་བེའུ་{མྱི་,མི་}འདོར་བ་ལྟར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདིའི་དོན་དུ། ནམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མངོན་དུ་མ་བྱས། དྲན་པས་འདྲིས་པར་མ་བྱས། ཡིད་ཀྱིས་རྟོགས་པར་མ་བྱས། ལྟ་བས་ཤིན་ཏུ་ཁོང་དུ་ཆུད་པར་མ་བྱས་ཀྱི་བར་དུ་ཆོས་སྨྲ་བ་དེ་{མྱི་,མི་}གཏོང་ན། རབ་འབྱོར་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་དེ་ནི་{མྱིའི་,མིའི་}ནང་ནས་ཤི་འཕོས་ནས་{མྱིའི་,མིའི་}ནང་དུ་སྐྱེས་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དེས་སྔོན་ཡང་ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ནས་བཟུང་བ་དང་། བཅངས་པ་དང་། བླགས་པ་དང་། ཀུན་ཆུབ་པར་བྱས་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱས་པར་གྱུར་ཏོ། །གོང་དུ་ཡང་བྲིས་ཤིང་གླེགས་བམ་དུ་བྱས་ཏེ། མེ་ཏོག་དང་། ཕྲེང་བ་

版本与引用信息

母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。

目录
德格目录 D8
德格版页
232b
显示
忠实保留藏文原典·未添加机器译文

研究边界

书目关系边界:BDRC WA0RK0008 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。

归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。