shes rab kyi pha rol tu phyin pa stong phrag brgya pa/
当前为德格木刻版 49a。藏文 NFD 原样保留,并提供可引用的稳定行号。
- 本页内容
- 藏文原典 · 德格版页
- 德格版页
- 49a
- 可引用原文
- 7 行
- 全文规模
- 全经 65909 稳定行段
- 责任者
- 藏译责任依各经题记;本批次未逐条裁决
- 正文语种
- 藏文
- 权利
- Public Domain;保留固定提交、版本边界与来源署名
函目录 · 13 函第 22 函 · 德格 49a
选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。
我的选文བདེན་པ་རྣམས་བསམ་གྱིས་{མྱི་,མི་}ཁྱབ་བོ། །བསམ་གཏན་རྣམས་བསམ་གྱིས་{མྱི་,མི་}ཁྱབ་བོ། །ཚད་{མྱེད་,མེད་}པ་རྣམས་བསམ་གྱིས་{མྱི་,མི་}ཁྱབ་བོ། །གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་རྣམས་བསམ་གྱིས་{མྱི་,མི་}ཁྱབ་བོ། །རྣམ་པར་ཐར་པ་བརྒྱད་བསམ་གྱིས་{མྱི་,མི་}ཁྱབ་བོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་བསམ་གྱིས་{མྱི་,མི་}ཁྱབ་བོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་{མྱེད་,མེད་}པ་དང་། སྨོན་པ་{མྱེད་,མེད་}པ་བསམ་གྱིས་{མྱི་,མི་}ཁྱབ་བོ། །མངོན་པར་ཤེས་པ་རྣམས་བསམ་
གྱིས་{མྱི་,མི་}ཁྱབ་བོ། །ཏིང་ངེ་འཛིན་རྣམས་བསམ་གྱིས་{མྱི་,མི་}ཁྱབ་བོ། །གཟུངས་ཀྱི་སྒོ་རྣམས་བསམ་གྱིས་{མྱི་,མི་}ཁྱབ་བོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་བསམ་གྱིས་{མྱི་,མི་}ཁྱབ་བོ། །{མྱི་,མི་}འཇིགས་པ་བཞི་བསམ་གྱིས་{མྱི་,མི་}ཁྱབ་བོ། །སོ་སོ་ཡང་དག་པར་རིག་པ་བཞི་བསམ་གྱིས་{མྱི་,མི་}ཁྱབ་བོ། །སྙིང་རྗེ་ཆེན་པོ་བསམ་གྱིས་{མྱི་,མི་}ཁྱབ་བོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་{བཅྭོ་,བཅོ་}བརྒྱད་བསམ་གྱིས་{མྱི་,མི་}ཁྱབ་བོ། །ཐམས་ཅད་ཤེས་པ་ཉིད་བསམ་གྱིས་{མྱི་,མི་}ཁྱབ་བོ། །ལམ་གྱི་རྣམ་པར་ཤེས་པ་ཉིད་བསམ་གྱིས་{མྱི་,མི་}ཁྱབ་བོ།
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསམ་གྱིས་{མྱི་,མི་}ཁྱབ་བོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པ་དང་། དགེ་བའི་རྩ་བ་བསྐྱེད་པ་དང་། སངས་རྒྱས་མང་པོ་བསྙེན་བཀུར་བ་དང་། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བ་ཡིན་ནོ།། །།ཤེས་རབ་ཀྱི་ཕ་{རོལད་,རོལ་}ཏུ་ཕྱིན་ད་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཞི་པ། །རབ་འབྱོར་ཀྱིས་གསོལད་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་{རོལད་,རོལ་}
ཏུ་ཕྱིན་ད་པ་ནི་ཟབ་བོ། །བཅོམ་ལྡན་འདས་ཀྱིས་བཀའ་{སྩལད་,སྩལ་}པ། རབ་{འབྱོརད་,འབྱོར་}གཟུགས་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་{རོལད་,རོལ་}ཏུ་{ཕྱིནད་,ཕྱིན་}པ་ཟབ་བོ། །རབ་{འབྱོརད་,འབྱོར་}ཚོར་བ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་{རོལད་,རོལ་}ཏུ་ཕྱིན་པ་ཟབ་བོ། །
版本与引用信息
母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。
- 目录
- 德格目录 D8
- 德格版页
- 49a
- 显示
- 忠实保留藏文原典·未添加机器译文
研究边界
书目关系边界:BDRC WA0RK0008 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。
归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。