完整藏文原文 · 德格版页 当前仅加载第 22 函德格 242b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
ལས་གཅིག་ལ་གནས་པར་འགྱུར་བར་རིག་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་སུམ་ཅུ་བཞིའོ།། །།རབ་འབྱོར་འདི་ལྟ་སྟེ། དཔེར་ན། རྒྱ་མཚོའི་དབུས་སུ་གྲུ་
D8.022.0242b01.01ཞིག་ལ་{མྱི་,མི་}རྣམས་ཤིང་ངམ། ཤིང་དུམ་མམ། ཤིང་ལེབ་བམ། རྐྱལ་པའམ། རོ་ལ་{མྱི་,མི་}འཇུ་{མྱི་,མི་}འཛིན་ན། རབ་འབྱོར་{མྱི་,མི་}དེ་དག་ནི་རྒྱ་མཚོ་ཆེན་པོའི་ཕ་རོལ་གྱི་འགྲམ་དུ་མ་ཕྱིན་པར་དུས་བྱེད་པར་རིག་པར་བྱའོ། །རབ་འབྱོར་{མྱི་,མི་}
D8.022.0242b02.01གང་རྒྱ་མཚོའི་དབུས་སུ་གྲུ་ཞིག་པའི་ཚེ། ཤིང་ངམ་ཤིང་དུམ་མམ། ཤིང་ལེབ་བམ། རྐྱལ་པ་འམ། རོ་ལ་འཇུ་ཞིང་འཛིན་པ་དེ་དག་ནི་རྒྱ་མཚོར་དུས་བྱེད་པར་{མྱི་,མི་}འགྱུར་ཏེ། བདེ་ཞིང་ཉམ་ཉེས་{མྱེད་,མེད་}པར་རྒྱ་མཚོ་ཆེན་པོ་ནས་ཕ་རོལ་
D8.022.0242b03.01གྱི་འགྲམ་དུ་ཕྱིན་པར་འགྱུར་ཏེ། མ་ཉེས་མཉམས་པར་ཐང་ལ་ཕྱིན་པར་འགྱུར་རོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་བུ་དང་རིགས་ཀྱི་བུ་མོ་དད་པ་ཙམ་དང་དགའ་བཅོམ་དང་། མོས་པ་ཙམ་དང་ལྡན་
D8.022.0242b04.01པ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་{མྱི་,མི་}འདྲི་{མྱི་,མི་}སྟོན། ཁ་ཏོན་དུ་{མྱི་,མི་}བྱེད། ཚུལ་བཞིན་དུ་ཡིད་ལ་{མྱི་,མི་}བྱེད་ཅིང་{མྱི་,མི་}རྟེན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མི་འདྲི་{མྱི་,མི་}སྟོན་ཁ་ཏོན་དུ་{མྱི་,མི་}བྱེད། ཚུལ་བཞིན་དུ་ཡིད་ལ་{མྱི་,མི་}བྱེད་
D8.022.0242b05.01ཅིང་{མྱི་,མི་}རྟེན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་{མྱི་,མི་}འདྲི་{མྱི་,མི་}སྟོན། ཁ་ཏོན་དུ་{མྱི་,མི་}བྱེད། ཚུལ་བཞིན་དུ་ཡིད་ལ་{མྱི་,མི་}བྱེད་ཅིང་{མྱི་,མི་}རྟེན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་{མྱི་,མི་}འདྲི་{མྱི་,མི་}སྟོན། ཁ་ཏོན་དུ་{མྱི་,མི་}བྱེད། ཚུལ་བཞིན་དུ་ཡིད་ལ་
D8.022.0242b06.01{མྱི་,མི་}བྱེད་ཅིང་{མྱི་,མི་}རྟེན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་{མྱི་,མི་}འདྲི་{མྱི་,མི་}སྟོན། ཁ་ཏོན་དུ་{མྱི་,མི་}བྱེད། ཚུལ་བཞིན་དུ་ཡིད་ལ་{མྱི་,མི་}བྱེད་ཅིང་། {མྱི་,མི་}རྟེན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་{མྱི་,མི་}འདྲི་{མྱི་,མི་}སྟོན། ཁ་ཏོན་དུ་{མྱི་,མི་}བྱེད་ཚུལ་
D8.022.0242b07.01