藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 22 函德格 224a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

{མྱི་,མི་}འཛིན་པས་ཉེ་བར་{མྱི་,མི་}ལེན་ཏོ། །རབ་འབྱོར་ངས་ཀྱང་ཕྱི་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་{མྱི་,མི་}འཛིན། ཡོངས་སུ་{མྱི་,མི་}འཛིན་པས་ཉེ་བར་{མྱི་,མི་}ལེན་

D8.022.0224a01.01
2

ཏོ། །རབ་འབྱོར་ངས་ཀྱང་ཕྱི་ནང་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་{མྱི་,མི་}འཛིན། ཡོངས་སུ་{མྱི་,མི་}འཛིན་པས་ཉེ་བར་{མྱི་,མི་}ལེན་ཏོ། །རབ་འབྱོར་ངས་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་

D8.022.0224a02.01
3

ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་{མྱི་,མི་}འཛིན། ཡོངས་སུ་{མྱི་,མི་}འཛིན་པས་ཉེ་བར་{མྱི་,མི་}ལེན་ཏོ། །རབ་འབྱོར་ངས་ཀྱང་ཆེན་པོ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་

D8.022.0224a03.01
4

སུ་མ་མཐོང་བས་ཡོངས་སུ་{མྱི་,མི་}འཛིན། ཡོངས་སུ་{མྱི་,མི་}འཛིན་པས་ཉེ་བར་{མྱི་,མི་}ལེན་ཏོ། །རབ་འབྱོར་ངས་ཀྱང་དོན་དམ་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་{མྱི་,མི་}འཛིན། ཡོངས་སུ་

D8.022.0224a04.01
5

{མྱི་,མི་}འཛིན་པས་ཉེ་བར་{མྱི་,མི་}ལེན་ཏོ། །རབ་འབྱོར་ངས་ཀྱང་འདུས་བྱས་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་{མྱི་,མི་}འཛིན། ཡོངས་སུ་{མྱི་,མི་}འཛིན་པས་ཉེ་བར་{མྱི་,མི་}ལེན་ཏོ། །རབ་འབྱོར་ངས་

D8.022.0224a05.01
6

ཀྱང་འདུས་མ་བྱས་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་{མྱི་,མི་}འཛིན། ཡོངས་སུ་{མྱི་,མི་}འཛིན་པས་ཉེ་བར་{མྱི་,མི་}ལེན་ཏོ། །རབ་འབྱོར་ངས་ཀྱང་མཐའ་ལས་འདས་པ་སྟོང་པ་ཉིད་ཡང་

D8.022.0224a06.01
7

དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་{མྱི་,མི་}འཛིན། ཡོངས་སུ་{མྱི་,མི་}འཛིན་པས་ཉེ་བར་{མྱི་,མི་}ལེན་ཏོ། །རབ་འབྱོར་ངས་ཀྱང་ཐོག་མ་དང་ཐ་མ་{མྱེད་,མེད་}པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་

D8.022.0224a07.01