完整藏文原文 · 德格版页 当前仅加载第 94 函德格 54b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
བདུག་པ་མར་གྱི་མེ་ལ་སོགས་པ་རྣམས་ཀྱིས་མཆོད་པ་བྱས་ནས་ཨུ་དུམ་བཱ་རའི་ཤིང་གིས་མེ་སྦར་ནས་ཚངས་མའི་ཡམ་ཤིང་གིས་སྦྱིན་སྲེག་བྱ་ཞིང་། ལྷ་ལ་ཕུལ་བཟོས་ན་ཡིད་གཞུངས་པར་འགྱུར་རོ། །འོ་མའི་སྦྱིན་སྲེག་བྱས་ན་བྲམ་ཟེ་རྣམས་དབང་དུ་འགྱུར་རོ། །ལྷ་ལ་ཕུལ་
D724.094.0054b01.01བའི་སྦྱིན་སྲེག་བྱས་ན་རྒྱལ་རིགས་དབང་དུ་འགྱུར་རོ། །ནས་དང་། ཞེ་དང་། ལྷ་ལ་ཕུལ་བ་གཅིག་ཏུ་བྱས་ནས་སྦྱིན་སྲེག་བྱས་ན་རྗེ་རིགས་དབང་དུ་འགྱུར་རོ། །དགྲ་ལ་བལྟས་ནས་བཟླས་པ་བྱས་ན་རེངས་པར་འགྱུར་རོ། །ལན་བདུན་མངོན་པར་བསྔགས་པའི་ཆུས་ཐམས་ཅད་
D724.094.0054b02.01འབེབས་པ་དང་ནོར་བྱེད་དོ། །དུག་ཐམས་ཅད་ལ་ཡང་ཉེ་བར་བྱུག་གོ། །ཞུན་མཁན་གྱི་རིལ་བུ་བྱས་ནས་ལན་བདུན་མངོན་པར་བསྔགས་པས་མིག་ནད་སེལ་བར་བྱེད་དོ། །ན་བ་ལ་སྐུད་པ་བཅིང་བར་བྱ་སྟེ། གདོན་ཐམས་ཅད་མི་འབྱུང་ངོ་། །གཙུག་ཕུད་བཅིངས་པས་
D724.094.0054b03.01བདག་ཉིད་སྲུང་བའོ། །ཐལ་བས་དཀྱིལ་འཁོར་བཅིངས་པའོ། །བོང་བ་ལ་ལན་བདུན་བཟླས་པས་ཕྱོགས་བཅིངས་པའོ། །བུད་མེད་བུ་མ་ཐོན་པ་ལ་ཏིལ་ལ་ཡོངས་སུ་བཟླས་ནས་སྦྱིན་པར་བྱ་སྟེ། བདེ་བར་བཙའ་བར་འགྱུར་རོ། །རྨོངས་པས་མངལ་གྱི་ཟླ་མཚན་གྱི་དུས་
D724.094.0054b04.01ལས་འདས་པ་ན་ཁྲུས་བྱ་ཞིང་རྒྱུད་མཚུངས་པའི་འོ་མ་ལ་བརྒྱ་རྩ་བརྒྱད་མངོན་པར་བསྔགས་པ་བྱས་ནས་བཏུང་བར་སྦྱིན་ཞིང་བཟའ་བ་མཆོག་དང་མར་བསྲེས་པ་བཟའ་བར་བྱའོ། །དེ་ནས་བུ་བཙའ་བར་འགྱུར་རོ། །བུ་མང་པོ་ཅན་གྱི་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱའོ། །ཐལ་
D724.094.0054b05.01བ་རེ་ཆུའི་བུམ་པ་བཞི་དང་ཀུན་ཏུ་བསྲེས་ནས་གཞག་པར་བྱའོ། །ཤུ་དག་ལ་ལན་བརྒྱད་བརྒྱར་བཟླས་ཏེ་ལག་པ་གཡས་པ་ལ་བཅིངས་པས་ཇི་སྲིད་སྨྲ་བ་ཐམས་ཅད་ཀྱི་མཆོག་ཏུ་འགྱུར་རོ། །གཞན་གྱིས་མི་ཐུབ་པའི་མེ་ཏོག་གིས་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་
D724.094.0054b06.01གཡུལ་དུ་གཞན་གྱིས་མི་ཐུབ་པར་འགྱུར་རོ། །གཞོན་ནུ་མས་བཀལ་བའི་སྐུད་པ་ལ་མདུད་པ་བྱས་ཏེ་ལན་བདུན་མངོན་པར་བསྔགས་ནས་ལག་པ་བཅིང་བར་བྱའོ། །བརྟན་པ་དང་གཡོ་བའི་དུག་མི་འབྱུང་ངོ་། །དེ་ནས་མ་རུངས་པས་མཆེ་བའི་མིང་ནས་སྨོས་ཏེ་ཆུ་ལ་
D724.094.0054b07.01