藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 17 函德格 380b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

འགག་པ་{མྱེད་,མེད་}ཅེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར། འགག་པ་{མྱེད་,མེད་}བ་སྐྱེ་བ་ཞེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར་རོ། །རྒ་ཤི་འགག་པ་མེད་ཅེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར། འགག་པ་{མྱེད་,མེད་}པ་རྒ་ཤི་ཞེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར་རོ། །

D8.017.0380b01.01
2

མ་རིག་པ་ཞི་ཞེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར། ཞི་བ་མ་རིག་པ་ཞེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར་རོ། །འདུ་བྱེད་ཞི་ཞེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར། ཞི་བ་འདུ་བྱེད་ཅེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར་རོ། །རྣམ་པར་

D8.017.0380b02.01
3

ཤེས་པ་ཞི་ཞེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར། ཞི་བ་རྣམ་པར་ཤེས་པ་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །{མྱིང་,མིང་}དང་གཟུགས་ཞི་ཞེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར། ཞི་བ་{མྱིང་,མིང་}དང་གཟུགས་ཞེས་བྱ་བར་རྣམ་པར་རྟོག་

D8.017.0380b03.01
4

པར་{མྱི་,མི་}འགྱུར་རོ། །སྐྱེ་མཆེད་དྲུག་ཞི་ཞེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར། ཞི་བ་སྐྱེ་མཆེད་དྲུག་ཅེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར་རོ། །རེག་པ་ཞི་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར། ཞི་བ་རིག་པ་ཞེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར་རོ། །

D8.017.0380b04.01
5

ཚོར་བ་ཞི་ཞེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར། ཞི་བ་ཚོར་བ་ཞེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར་རོ། །སྲེད་པ་ཞི་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར། ཞི་བ་སྲེད་པ་ཞེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར་རོ། །ལེན་པ་ཞི་ཞེས་

D8.017.0380b05.01
6

བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར། ཞི་བ་ལེན་པ་ཞེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར་རོ། །སྲིད་པ་ཞི་ཞེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར། ཞི་བ་སྲིད་པ་ཞེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར་རོ། །སྐྱེ་བ་ཞི་ཞེས་བྱ་བར་རྣམ་

D8.017.0380b06.01
7

པར་རྟོག་པར་མི་འགྱུར། ཞི་བ་སྐྱེ་བ་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །རྒ་ཤི་ཞི་ཞེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར། ཞི་བ་རྒ་ཤི་ཞེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར་རོ། །མ་རིག་པ་དབེན་ཞེས་བྱ་བར་རྣམ་པར་རྟོག་

D8.017.0380b07.01