shes rab kyi pha rol tu phyin pa stong phrag brgya pa/
当前为德格木刻版 349b。藏文 NFD 原样保留,并提供可引用的稳定行号。
- 本页内容
- 藏文原典 · 德格版页
- 德格版页
- 349b
- 可引用原文
- 7 行
- 全文规模
- 全经 65909 稳定行段
- 责任者
- 藏译责任依各经题记;本批次未逐条裁决
- 正文语种
- 藏文
- 权利
- Public Domain;保留固定提交、版本边界与来源署名
函目录 · 13 函第 17 函 · 德格 349b
选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。
我的选文ཡང་{དམྱིགས་,དམིགས་}པའི་ཚུལ་གྱིས་གནས་པར་{མྱི་,མི་}བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་ཚད་མེད་གྲངས་{མྱེད་,མེད་}པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་རབ་དུ་དགོད་པར་བྱའོ། །ཞེས་བྱ་བར་{དམྱིགས་,དམིགས་}པའི་ཚུལ་གྱིས་གནས་བར་མི་བྱའོ། །{མྱིག་,མིག་}ལྔ་བསྒྲུབ་པར་བྱ་སྟེ། ལྔ་གང་ཞེ་ན་ཤའི་{མྱིག་,མིག་}དང་ལྷའི་{མྱིག་,མིག་}དང་ཤེས་རབ་ཀྱི་{མྱིག་,མིག་}དང་ཆོས་ཀྱི་{མྱིག་,མིག་}དང་སངས་རྒྱས་ཀྱི་{མྱིག་,མིག་}བསྒྲུབ་པར་བྱའོ། །ཞེས་བྱ་བར་{དམྱིགས་,དམིགས་}པའི་ཚུལ་གྱིས་གནས་པར་{མྱི་,མི་}བྱའོ། །ཏིང་ངེ་འཛིན་ཐམས་ཅད་
ཡོངས་སུ་བསྒྲུབ་པར་བྱའོ། །ཞེས་བྱ་བར་{དམྱིགས་,དམིགས་}པའི་ཚུལ་གྱིས་གནས་པར་{མྱི་,མི་}བྱའོ་ཏིང་ངེ་འཛིན་གང་དང་གང་གིས་རྣམ་པར་རྩེ་བར་འདོད་པའི་ཏིང་ངེ་འཛིན་དེ་དང་དེས་རྣམ་པར་རྩེ་བར་བྱའོ། །ཞེས་བྱ་བར་{དམྱིགས་,དམིགས་}པའི་ཚུལ་གྱིས་གནས་པར་{མྱི་,མི་}བྱའོ། །གཟུངས་ཀྱི་སྒོ་ཐམས་ཅད་ཡོངས་སུ་བསྒྲུབ་པར་བྱའོ་ཞེས་བྱ་བར་{དམྱིགས་,དམིགས་}པའི་ཚུལ་གྱིས་གནས་པར་{མྱི་,མི་}བྱའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་བསྒྲུབ་པར་བྱའོ་ཞེས་བྱ་བར་{དམྱིགས་,དམིགས་}པའི་ཚུལ་གྱིས་གནས་པར་{མྱི་,མི་}བྱའོ། །{མྱི་,མི་}འཇིགས་པ་བཞི་ཡོངས་
སུ་བསྒྲུབ་པར་བྱའོ་ཞེས་བྱ་བར་{དམྱིགས་,དམིགས་}པའི་ཚུལ་གྱིས་གནས་པར་མི་བྱའོ། །སོ་སོ་ཡང་དག་པར་རིག་པ་བཞི་ཡོངས་སུ་བསྒྲུབ་པར་བྱའོ་ཞེས་བྱ་བར་{དམྱིགས་,དམིགས་}པའི་ཚུལ་གྱིས་གནས་པར་{མྱི་,མི་}བྱའོ། །བྱམས་པ་ཆེན་པོ་ཡོངས་སུ་བསྒྲུབ་པར་བྱའོ་ཞེས་བྱ་བར་{དམྱིགས་,དམིགས་}པའི་ཚུལ་གྱིས་གནས་པར་{མྱི་,མི་}བྱའོ། །སྙིང་རྗེ་ཆེན་པོ་ཡོངས་སུ་བསྒྲུབ་པར་བྱའོ་ཞེས་བྱ་བར་{དམྱིགས་,དམིགས་}པའི་ཚུལ་གྱིས་གནས་པར་མི་བྱའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་{བཅྭོ་,བཅོ་}བརྒྱད་ཡོངས་སུ་བསྒྲུབ་པར་བྱའོ་ཞེས་བྱ་བར་{དམྱིགས་,དམིགས་}པའི་ཚུལ་གྱིས་གནས་
པར་{མྱི་,མི་}བྱའོ། །ལུས་ལ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཡོངས་སུ་བསྒྲུབ་པར་བྱའོ་ཞེས་བྱ་བར་{དམྱིགས་,དམིགས་}པའི་ཚུལ་གྱིས་གནས་པར་{མྱི་,མི་}བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ལུས་ལ་དཔེ་བྱད་བཟང་པོ་བརྒྱད་ཅུ་ཡོངས་སུ་བསྒྲུབ་པར་བྱའོ། །
版本与引用信息
母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。
- 目录
- 德格目录 D8
- 德格版页
- 349b
- 显示
- 忠实保留藏文原典·未添加机器译文
研究边界
书目关系边界:BDRC WA0RK0008 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。
归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。