完整藏文原文 · 德格版页 当前仅加载第 17 函德格 266b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
པ་{མྱེད་,མེད་}པའི་ཕྱིར། ཡིད་ལ་བྱེད་པ་{མྱེད་,མེད་}པར་རིག་པར་བྱའོ། །རྣ་བའི་འདུས་ཏེ་རེག་པ་དངོས་པོ་{མྱེད་,མེད་}པའི་ཕྱིར། ཡིད་ལ་བྱེད་པ་དངོས་པོ་{མྱེད་,མེད་}པར་རིག་པར་བྱའོ། །རྣ་བའི་འདུས་ཏེ་རེག་པ་རང་བཞིན་མེད་པའི་ཕྱིར། ཡིད་ལ་བྱེད་པ་རང་བཞིན་མེད་པར་རིག་པར་བྱའོ། །
D8.017.0266b01.01རྣ་བའི་འདུས་ཏེ་རེག་པ་སྟོང་པ་ཉིད་ཀྱི་ཕྱིར། ཡིད་ལ་བྱེད་པ་སྟོང་པ་ཉིད་དུ་རིག་པར་བྱའོ། །རྣ་བའི་འདུས་ཏེ་རེག་པ་དབེན་པའི་ཕྱིར། ཡིད་ལ་བྱེད་པ་དབེན་པར་རིག་པར་བྱའོ། །རྣ་བའི་འདུས་ཏེ་རེག་པ་མངོན་པར་རྫོགས་པར་འཚང་{མྱི་,མི་}རྒྱ་བའི་ཕྱིར། ཡིད་ལ་
D8.017.0266b02.01བྱེད་པ་མངོན་པར་རྫོགས་པར་འཚང་{མྱི་,མི་}རྒྱ་བར་རིག་པར་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། སྣའི་འདུས་ཏེ་རེག་པ་{མྱེད་,མེད་}པའི་ཕྱིར། ཡིད་ལ་བྱེད་པ་{མྱེད་,མེད་}པར་རིག་པར་བྱའོ། །སྣའི་འདུས་ཏེ་རེག་པ་དངོས་པོ་{མྱེད་,མེད་}པའི་ཕྱིར། ཡིད་ལ་བྱེད་པ་དངོས་པོ་མེད་པར་
D8.017.0266b03.01རིག་པར་བྱའོ། །སྣའི་འདུས་ཏེ་རེག་པ་རང་བཞིན་{མྱེད་,མེད་}པའི་ཕྱིར། ཡིད་ལ་བྱེད་པ་རང་བཞིན་མེད་པར་རིག་པར་བྱའོ། །སྣའི་འདུས་ཏེ་རེག་པ་སྟོང་པ་ཉིད་ཀྱི་ཕྱིར། ཡིད་ལ་བྱེད་པ་སྟོང་པ་ཉིད་དུ་རིག་པར་བྱའོ། །སྣའི་འདུས་ཏེ་རེག་པ་དབེན་པའི་ཕྱིར། ཡིད་ལ་བྱེད་
D8.017.0266b04.01པ་དབེན་པར་རིག་པར་བྱའོ། །སྣའི་འདུས་ཏེ་རེག་པ་མངོན་པར་རྫོགས་པར་འཚང་{མྱི་,མི་}རྒྱ་བའི་ཕྱིར། ཡིད་ལ་བྱེད་པ་མངོན་པར་རྫོགས་པར་འཚང་{མྱི་,མི་}རྒྱ་བར་རིག་པར་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ལྕེའི་འདུས་ཏེ་རེག་པ་{མྱེད་,མེད་}པའི་ཕྱིར། ཡིད་ལ་བྱེད་པ་
D8.017.0266b05.01{མྱེད་,མེད་}པར་རིག་པར་བྱའོ། །ལྕེའི་འདུས་ཏེ་རེག་པ་དངོས་པོ་{མྱེད་,མེད་}པའི་ཕྱིར། ཡིད་ལ་བྱེད་པ་དངོས་པོ་{མྱེད་,མེད་}པར་རིག་པར་བྱའོ། །ལྕེའི་འདུས་ཏེ་རེག་པ་རང་བཞིན་{མྱེད་,མེད་}པའི་ཕྱིར། ཡིད་ལ་བྱེད་པ་རང་བཞིན་{མྱེད་,མེད་}པར་རིག་པར་བྱའོ། །ལྕེའི་འདུས་ཏེ་རེག་པ་སྟོང་
D8.017.0266b06.01པ་ཉིད་ཀྱི་ཕྱིར། ཡིད་ལ་བྱེད་པ་སྟོང་པ་ཉིད་དུ་རིག་པར་བྱའོ། །ལྕེའི་འདུས་ཏེ་རེག་པ་དབེན་པའི་ཕྱིར། ཡིད་ལ་བྱེད་པ་དབེན་པར་རིག་པར་བྱའོ། །ལྕེའི་འདུས་ཏེ་རེག་པ་མངོན་པར་རྫོགས་པར་འཚང་{མྱི་,མི་}རྒྱ་བའི་ཕྱིར། ཡིད་ལ་བྱེད་པ་མངོན་པར་རྫོགས་
D8.017.0266b07.01