藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 17 函德格 365a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

རྣམས་ཀྱང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །སྟོབས་རྣམས་ཀྱང་{རྨྱི་,རྨི་}ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱང་{རྨྱི་,རྨི་}ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡང་{རྨྱི་,རྨི་}ལམ་ལྟ་བུ་སྒྱུ་མ་ལྟ་

D8.017.0365a01.01
2

བུའོ། །འཕགས་པའི་བདེན་པ་རྣམས་ཀྱང་{རྨྱི་,རྨི་}ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །བསམ་གཏན་རྣམས་ཀྱང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །ཚད་{མྱེད་,མེད་}བ་རྣམས་ཀྱང་{རྨྱི་,རྨི་}ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་རྣམས་ཀྱང་{རྨྱི་,རྨི་}ལམ་ལྟ་

D8.017.0365a02.01
3

བུ་སྒྱུ་མ་ལྟ་བུའོ། །རྣམ་པར་ཐར་པ་རྣམས་ཀྱང་{རྨྱི་,རྨི་}ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱང་{རྨྱི་,རྨི་}ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་{མྱེད་,མེད་}པ་དང་། སྨོན་པ་{མྱེད་,མེད་}པ་ཡང་{རྨྱི་,རྨི་}ལམ་

D8.017.0365a03.01
4

ལྟ་བུ་སྒྱུ་མ་ལྟ་བུའོ། །མངོན་པར་ཤེས་པ་རྣམས་ཀྱང་{རྨྱི་,རྨི་}ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །ཏིང་ངེ་འཛིན་རྣམས་ཀྱང་{རྨྱི་,རྨི་}ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །གཟུངས་ཀྱི་སྒོ་རྣམས་ཀྱང་{རྨྱི་,རྨི་}ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱང་{རྨྱི་,རྨི་}ལམ་ལྟ་བུ་

D8.017.0365a04.01
5

སྒྱུ་མ་ལྟ་བུའོ། །{མྱི་,མི་}འཇིགས་པ་རྣམས་ཀྱང་{རྨྱི་,རྨི་}ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །སོ་སོ་ཡང་དག་པར་རིག་པ་རྣམས་ཀྱང་{རྨྱི་,རྨི་}ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །བྱམས་པ་ཆེན་པོ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །སྙིང་རྗེ་ཆེན་པོ་ཡང་{རྨྱི་,རྨི་}ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །སངས་

D8.017.0365a05.01
6

རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱང་{རྨྱི་,རྨི་}ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡང་{རྨྱི་,རྨི་}ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡང་{རྨྱི་,རྨི་}ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །ཕྱིར་{མྱི་,མི་}འོང་བའི་འབྲས་བུ་ཡང་{རྨྱི་,རྨི་}ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །

D8.017.0365a06.01
7

དགྲ་བཅོམ་པ་ཉིད་ཀྱང་{རྨྱི་,རྨི་}ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །རང་བྱང་ཆུབ་ཀྱང་{རྨྱི་,རྨི་}ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །ལྷའི་བུ་དག་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་{རྨྱི་,རྨི་}ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །དེ་ནས་ལྷའི་བུ་དེ་དག་གིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །

D8.017.0365a07.01