shes rab kyi pha rol tu phyin pa stong phrag brgya pa/
当前为德格木刻版 69b。藏文 NFD 原样保留,并提供可引用的稳定行号。
- 本页内容
- 藏文原典 · 德格版页
- 德格版页
- 69b
- 可引用原文
- 7 行
- 全文规模
- 全经 65909 稳定行段
- 责任者
- 藏译责任依各经题记;本批次未逐条裁决
- 正文语种
- 藏文
- 权利
- Public Domain;保留固定提交、版本边界与来源署名
函目录 · 13 函第 17 函 · 德格 69b
选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。
我的选文མེད་ཅིང་{མྱི་,མི་}{དམྱིགས་,དམིགས་}སོ། །གདམས་ཤིང་རྗེས་སུ་བསྟན་པ་ནི། བྱང་ཆུབ་སེམས་དཔའ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མེད་ཅིང་{མྱི་,མི་}{དམྱིགས་,དམིགས་}སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་ལྟར་ཆོས་ཐམས་ཅད་{མྱེད་,མེད་}ཅིང་{དམྱིགས་,དམིགས་}སུ་{མྱེད་,མེད་}བས། བྱང་ཆུབ་སེམས་དཔའ་{མྱེད་,མེད་}ཅིང་{དམྱིགས་,དམིགས་}སུ་མེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གང་ཡང་འདི་སྐད་དུ་ཅིའི་ཕྱིར་ན། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མིང་ཙམ་ཡིན་ཞེས་ཟེར་བ་ནི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་གློ་བུར་
དུ་{མྱིང་,མིང་}དུ་བཏགས་པ་སྟེ། དེའི་ཕྱིར་ན་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་{མྱིང་,མིང་}ཙམ་མོ་ཞེས་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདི་ལྟ་སྟེ། གཟུགས་ཞེས་བྱ་བ་དང་། ཚོར་བ་ཞེས་བྱ་བ་དང་། འདུ་ཤེས་ཞེས་བྱ་བ་དང་། འདུ་བྱེད་ཅེས་བྱ་བ་དང་།རྣམ་པར་ཤེས་པ་ཞེས་བྱ་བ་འདི་ནི། གློ་བུར་དུ་{མྱིང་,མིང་}དུ་བཏགས་པ་སྟེ། འདི་ལྟར་{མྱིང་,མིང་}ནི་གང་ནས་ཀྱང་མི་འོང་གང་དུ་ཡང་མི་འགྲོ་གང་ན་ཡང་{མྱི་,མི་}གནས་སོ། །{མྱིང་,མིང་}ཙམ་ཞེས་བྱ་བ་གང་ཡིན་པ་དེ་ནི། གཟུགས་མ་ཡིན། དེ་ནི་ཚོར་བ་མ་ཡིན། དེ་ནི་འདུ་ཤེས་མ་ཡིན། དེ་ནི་འདུ་བྱེད་མ་ཡིན།
དེ་ནི་རྣམ་པར་ཤེས་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་{མྱིང་,མིང་}ནི་མིང་གི་རང་བཞིན་གྱིས་སྟོང་ངོ་། །སྟོང་པ་གང་ཡིན་པ་དེ་ནི་{མྱིང་,མིང་}མ་ཡིན་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་{མྱིང་,མིང་}ཙམ་ཞེས་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། {མྱིག་,མིག་}ཅེས་བྱ་བ་དང་། རྣ་བ་ཞེས་བྱ་བ་དང་། སྣ་ཞེས་བྱ་བ་དང་། ལྕེ་ཞེས་བྱ་བ་དང་། ལུས་ཞེས་བྱ་བ་དང་། ཡིད་ཅེས་བྱ་བ་འདི་ནི་གློ་བུར་དུ་{མྱིང་,མིང་}དུ་བཏགས་པ་སྟེ། འདི་ལྟར་{མྱིང་,མིང་}ནི་གང་ནས་ཀྱང་མི་འོང་གང་དུ་ཡང་མི་འགྲོ་གང་ན་
ཡང་{མྱི་,མི་}གནས་སོ། །{མྱིང་,མིང་}ཙམ་ཞེས་བྱ་བ་གང་ཡིན་པ་དེ་ནི། མིག་མ་ཡིན། དེ་ནི་རྣ་བ་མ་ཡིན། དེ་ནི་སྣ་མ་ཡིན། དེ་ནི་ལྕེ་མ་ཡིན། དེ་ནི་ལུས་མ་ཡིན། དེ་ནི་ཡིད་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མིང་ནི་{མྱིང་,མིང་}གི་རང་བཞིན་གྱིས་སྟོང་ངོ་། །སྟོང་པ་གང་
版本与引用信息
母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。
- 目录
- 德格目录 D8
- 德格版页
- 69b
- 显示
- 忠实保留藏文原典·未添加机器译文
研究边界
书目关系边界:BDRC WA0RK0008 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。
归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。