藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 17 函德格 262b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

སེམས་ཅན་སྟོང་པ་ཉིད་ཀྱི་ཕྱིར། ཡིད་ལ་བྱེད་པ་སྟོང་པ་ཉིད་དུ་རིག་པར་བྱའོ། །སེམས་ཅན་དབེན་པའི་ཕྱིར། ཡིད་ལ་བྱེད་པ་དབེན་པར་རིག་པར་བྱའོ། །སེམས་ཅན་མངོན་པར་རྫོགས་པར་འཚང་{མྱི་,མི་}རྒྱ་བའི་ཕྱིར། ཡིད་ལ་བྱེད་པ་མངོན་པར་རྫོགས་པར་

D8.017.0262b01.01
2

འཚང་{མྱི་,མི་}རྒྱ་བར་རིག་པར་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གཟུགས་{མྱེད་,མེད་}པའི་ཕྱིར། ཡིད་ལ་བྱེད་པ་{མྱེད་,མེད་}པར་རིག་པར་བྱའོ། །གཟུགས་དངོས་པོ་{མྱེད་,མེད་}པའི་ཕྱིར། ཡིད་ལ་བྱེད་པ་དངོས་པོ་{མྱེད་,མེད་}པར་རིག་པར་བྱའོ། །གཟུགས་རང་བཞིན་མེད་པའི་

D8.017.0262b02.01
3

ཕྱིར། ཡིད་ལ་བྱེད་པ་རང་བཞིན་{མྱེད་,མེད་}པར་རིག་པར་བྱའོ། །གཟུགས་སྟོང་པ་ཉིད་ཀྱི་ཕྱིར། ཡིད་ལ་བྱེད་པ་སྟོང་པ་ཉིད་དུ་རིག་པར་བྱའོ། །གཟུགས་དབེན་པའི་ཕྱིར། ཡིད་ལ་བྱེད་པ་དབེན་པར་རིག་པར་བྱའོ། །གཟུགས་མངོན་པར་རྫོགས་པར་འཚང་{མྱི་,མི་}

D8.017.0262b03.01
4

རྒྱ་བའི་ཕྱིར། ཡིད་ལ་བྱེད་པ་མངོན་པར་རྫོགས་པར་འཚང་{མྱི་,མི་}རྒྱ་བར་རིག་པར་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ཚོར་བ་{མྱེད་,མེད་}པའི་ཕྱིར། ཡིད་ལ་བྱེད་པ་{མྱེད་,མེད་}པར་རིག་པར་བྱའོ། །ཚོར་བ་དངོས་པོ་{མྱེད་,མེད་}པའི་ཕྱིར། ཡིད་ལ་བྱེད་པ་དངོས་པོ་{མྱེད་,མེད་}པར་རིག་པར་བྱའོ། །

D8.017.0262b04.01
5

ཚོར་བ་རང་བཞིན་{མྱེད་,མེད་}པའི་ཕྱིར། ཡིད་ལ་བྱེད་པ་རང་བཞིན་{མྱེད་,མེད་}པར་རིག་པར་བྱའོ། །ཚོར་བ་སྟོང་པ་ཉིད་ཀྱི་ཕྱིར། ཡིད་ལ་བྱེད་པ་སྟོང་པ་ཉིད་དུ་རིག་པར་བྱའོ། །ཚོར་བ་དབེན་པའི་ཕྱིར། ཡིད་ལ་བྱེད་པ་དབེན་པར་རིག་པར་བྱའོ། །ཚོར་བ་མངོན་པར་རྫོགས་

D8.017.0262b05.01
6

པར་འཚང་{མྱི་,མི་}རྒྱ་བའི་ཕྱིར། ཡིད་ལ་བྱེད་པ་མངོན་པར་རྫོགས་པར་འཚང་{མྱི་,མི་}རྒྱ་བར་རིག་པར་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདུ་ཤེས་{མྱེད་,མེད་}པའི་ཕྱིར། ཡིད་ལ་བྱེད་པ་{མྱེད་,མེད་}པར་རིག་པར་བྱའོ། །འདུ་ཤེས་དངོས་པོ་{མྱེད་,མེད་}པའི་ཕྱིར། ཡིད་ལ་བྱེད་

D8.017.0262b06.01
7

པ་དངོས་པོ་མེད་པར་རིག་པར་བྱའོ། །འདུ་ཤེས་རང་བཞིན་{མྱེད་,མེད་}པའི་ཕྱིར། ཡིད་ལ་བྱེད་པ་རང་བཞིན་མེད་པར་རིག་པར་བྱའོ། །འདུ་ཤེས་སྟོང་པ་ཉིད་ཀྱི་ཕྱིར། ཡིད་ལ་བྱེད་པ་སྟོང་པ་ཉིད་དུ་རིག་པར་བྱའོ། །འདུ་ཤེས་དབེན་པའི་ཕྱིར། ཡིད་ལ་བྱེད་པ་

D8.017.0262b07.01