shes rab kyi pha rol tu phyin pa stong phrag brgya pa/
当前为德格木刻版 173b。藏文 NFD 原样保留,并提供可引用的稳定行号。
- 本页内容
- 藏文原典 · 德格版页
- 德格版页
- 173b
- 可引用原文
- 7 行
- 全文规模
- 全经 65909 稳定行段
- 责任者
- 藏译责任依各经题记;本批次未逐条裁决
- 正文语种
- 藏文
- 权利
- Public Domain;保留固定提交、版本边界与来源署名
函目录 · 13 函第 17 函 · 德格 173b
选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。
我的选文ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་འདི་དག་ལ་ནི་ཇི་ལྟར་ཡོངས་སུ་རྟོག །ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་ནི་གང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གང་། ཡོངས་སུ་བརྟག་པ་ནི་གང་། དེ་སྐད་ཅེས་སྨྲས་པ་དང་ཚེ་དང་ལྡན་པ་རབ་འབྱོར་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གང་འདི་སྐད་དུ། བྱང་ཆུབ་སེམས་དཔའ་གང་ཞེས་ཟེར་བ་ནི། གང་གི་ཕྱིར་སེམས་ཅན། བྱང་ཆུབ་ཡིན་པ་དེའི་ཕྱིར། བྱང་ཆུབ་སེམས་དཔའ་ཞེས་བྱའོ། །
བྱང་ཆུབ་དེས་ཀྱང་ཆོས་ཐམས་ཅད་ཀྱི་རྣམ་པ་ཤེས་ཏེ། ཆོས་དེ་དག་ལ་མངོན་པར་ཆགས་པ་{མྱེད་,མེད་}དོ། །ཆོས་གང་གི་རྣམ་པ་ཤེས་ཞེ་ན། གཟུགས་ཀྱི་རྣམ་པ་ཤེས་ཏེ། དེ་ལ་མངོན་པར་ཆགས་པ་{མྱེད་,མེད་}དོ། །ཚོར་བའི་རྣམ་པ་ཤེས་ཏེ། དེ་ལ་མངོན་བར་ཆགས་པ་མེད་དོ། །འདུ་ཤེས་ཀྱི་རྣམ་པ་ཤེས་ཏེ། དེ་ལ་མངོན་པར་ཆགས་པ་{མྱེད་,མེད་}དོ། །འདུ་བྱེད་ཀྱི་རྣམ་པ་ཤེས་ཏེ། དེ་ལ་མངོན་པར་ཆགས་པ་{མྱེད་,མེད་}དོ། །རྣམ་པར་ཤེས་པའི་རྣམ་པ་ཤེས་ཏེ། དེ་ལ་མངོན་པར་ཆགས་པ་{མྱེད་,མེད་}དོ། །{མྱིག་,མིག་}གི་རྣམ་པ་ཤེས་ཏེ། དེ་ལ་མངོན་
པར་ཆགས་པ་{མྱེད་,མེད་}དོ། །རྣ་བའི་རྣམ་པ་ཤེས་ཏེ། དེ་ལ་མངོན་པར་ཆགས་པ་{མྱེད་,མེད་}དོ། །སྣའི་རྣམ་པ་ཤེས་ཏེ། དེ་ལ་མངོན་པར་ཆགས་པ་{མྱེད་,མེད་}དོ། །ལྕེའི་རྣམ་པ་ཤེས་ཏེ། དེ་ལ་མངོན་པར་ཆགས་པ་{མྱེད་,མེད་}དོ། །ལུས་ཀྱི་རྣམ་པ་ཤེས་ཏེ། དེ་ལ་མངོན་པར་ཆགས་པ་{མྱེད་,མེད་}དོ། །ཡིད་ཀྱི་རྣམ་པ་ཤེས་ཏེ། དེ་ལ་མངོན་པར་ཆགས་པ་{མྱེད་,མེད་}དོ། །གཟུགས་ཀྱི་རྣམ་པ་ཤེས་ཏེ། དེ་ལ་མངོན་པར་ཆགས་པ་{མྱེད་,མེད་}དོ། །སྒྲའི་རྣམ་པ་ཤེས་ཏེ། དེ་ལ་མགོན་པར་ཆགས་པ་{མྱེད་,མེད་}དོ། །དྲིའི་རྣམ་པ་ཤེས་ཏེ། དེ་ལ་མངོན་པར་ཆགས་པ་{མྱེད་,མེད་}དོ། །རོའི་
རྣམ་པ་ཤེས་ཏེ། དེ་ལ་མངོན་པར་ཆགས་པ་{མྱེད་,མེད་}དོ། །རེག་གི་རྣམ་པ་ཤེས་ཏེ། དེ་ལ་མངོན་པར་ཆགས་པ་{མྱེད་,མེད་}དོ། །ཆོས་ཀྱི་རྣམ་པ་ཤེས་ཏེ། དེ་ལ་མངོན་པར་ཆགས་པ་{མྱེད་,མེད་}དོ། །{མྱིག་,མིག་}གི་རྣམ་པར་ཤེས་པའི་རྣམ་པ་ཤེས་ཏེ། དེ་ལ་མངོན་པར་ཆགས་པ་{མྱེད་,མེད་}དོ། །རྣ་བའི་
版本与引用信息
母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。
- 目录
- 德格目录 D8
- 德格版页
- 173b
- 显示
- 忠实保留藏文原典·未添加机器译文
研究边界
书目关系边界:BDRC WA0RK0008 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。
归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。