藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8第 17 函 · 德格 352b

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8
返回文本目录:《shes rab kyi pha rol tu phyin pa stong phrag brgya pa/》
德格《甘珠尔》D8藏文原典完整藏文原文 · 德格版页

shes rab kyi pha rol tu phyin pa stong phrag brgya pa/

当前为德格木刻版 352b。藏文 NFD 原样保留,并提供可引用的稳定行号。

本页内容
藏文原典 · 德格版页
德格版页
352b
可引用原文
7 行
全文规模
全经 65909 稳定行段
责任者
藏译责任依各经题记;本批次未逐条裁决
正文语种
藏文
权利
Public Domain;保留固定提交、版本边界与来源署名
函目录 · 13 函第 17 函 · 德格 352b
阅读设置设置会在阅读页间保留

忠实保留藏文原典。藏文 Unicode NFD、德格版页次序与稳定行号保持不变;不加入机器译文。

选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。

我的选文

འགྱུར་ཅིག་ཅེས་བྱ་བར་{དམྱིགས་,དམིགས་}པའི་ཚུལ་གྱིས་གནས་པར་མི་བྱའོ། །རྒྱུན་ཏུ་ཞུགས་པའི་སྒྲ་ཡོད་བར་མ་འགྱུར་ཅིག། ལན་ཅིག་ཕྱིར་འོང་བའི་སྒྲ་ཡོད་པར་མ་འགྱུར་ཅིག །ཕྱིར་{མྱི་,མི་}འོང་བའི་སྒྲ་ཡོད་པར་མ་འགྱུར་ཅིག །དགྲ་བཅོམ་པའི་སྒྲ་ཡོད་པར་མ་འགྱུར་ཅིག་ཅེས་བྱ་བར་{དམྱིགས་,དམིགས་}པའི་ཚུལ་གྱིས་གནས་པར་{མྱི་,མི་}བྱའོ། །རང་སངས་རྒྱས་ཀྱི་སྒྲ་ཡོད་པར་མ་འགྱུར་ཅིག །བྱང་ཆུབ་སེམས་དཔའི་སྒྲ་ཡོད་པར་མ་འགྱུར་ཅིག །སངས་རྒྱས་ཀྱི་སྒྲ་ཡོད་པར་མ་འགྱུར་ཅིག །ཅེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་{མྱི་,མི་}

བྱའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་{ཕྱིནད་,ཕྱིན་}པ་སྟོང་ཕྲག་བརྒྱ་པ། བམ་པོ་ཉི་ཤུ་བཞི་པ། དེ་ཅིའི་ཕྱིར་ཞེ་ན་འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས།བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱང་ཆོས་ཐམས་ཅད་མི་{དམྱིགས་,དམིགས་}པའི་ཕྱིར་ཏེ། ཀཽ་ཤི་ཀ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་{དམྱིགས་,དམིགས་}པའི་ཚུལ་

གྱིས་གནས་པར་{མྱི་,མི་}བྱའོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་སྙམ་དུ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱ་སྙམ་པ་དང་། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུའི་སེམས་ཀྱི་རྣམ་པར་རྟོག་པ་སེམས་ཀྱིས་ཡོངས་སུ་ཤེས་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཇི་ཞིག་ལ་

གནས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་བཞིན་གཤེགས་པ་ནི་ཅི་ལ་ཡང་གནས་པ་མ་ཡིན་ནོ། །ཚེ་དང་ལྡན་པ་རབ་འབྱོར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐུགས་ནི་མི་གནས་པ་སྟེ། དེ་གཟུགས་ལ་{མྱི་,མི་}གནས།

版本与引用信息

母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。

目录
德格目录 D8
德格版页
352b
显示
忠实保留藏文原典·未添加机器译文

研究边界

书目关系边界:BDRC WA0RK0008 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。

归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。