藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 17 函德格 302a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

པ་{མྱེད་,མེད་}པ་ཉིད་དུ་ཡིད་ལ་བྱའོ། །སྲིད་པ་འགག་པ་ནི་མངོན་པར་འདུ་བྱེད་པ་མེད་པ་ཉིད་དུ་ཡིད་ལ་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། དེ་{མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས། སྲིད་པ་འགགས་

D8.017.0302a01.01
2

པས་སྐྱེ་བ་འགག་པ་ནི་བདག་{མྱེད་,མེད་}པར་ཡིད་ལ་བྱའོ། །སྐྱེ་བ་འགག་པ་ནི་ཞི་བར་ཡིད་ལ་བྱའོ། །སྐྱེ་བ་འགག་པ་ནི་དབེན་པར་ཡིད་ལ་བྱའོ། །སྐྱེ་བ་འགག་པ་ནི་སྟོང་པ་ཉིད་དུ་ཡིད་ལ་བྱའོ། །སྐྱེ་བ་འགག་པ་ནི་མཚན་མ་{མྱེད་,མེད་}པ་ཉིད་དུ་ཡིད་ལ་བྱའོ། །སྐྱེ་བ་

D8.017.0302a02.01
3

འགག་པ་ནི་སྨོན་པ་{མྱེད་,མེད་}པ་ཉིད་དུ་ཡིད་ལ་བྱའོ། །སྐྱེ་བ་འགག་པ་ནི་མངོན་པར་འདུ་བྱེད་པ་{མྱེད་,མེད་}པ་ཉིད་དུ་ཡིད་ལ་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། དེ་{མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས། སྐྱེ་བ་འགགས་པས་རྒ་ཤི་དང་།

D8.017.0302a03.01
4

མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་{མྱི་,མི་}བདེ་བ་དང་། འཁྲུག་པ་དང་། སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་རྣམས་འགག་པ་ནི་བདག་{མྱེད་,མེད་}པར་ཡིད་ལ་བྱའོ། །རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་

D8.017.0302a04.01
5

བ་དང་། ཡིད་{མྱི་,མི་}བདེ་བ་དང་། འཁྲུག་པ་དང་། སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་རྣམས་འགག་པ་ནི་ཞི་བར་ཡིད་ལ་བྱའོ། །རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་{མྱི་,མི་}བདེ་བ་དང་། འཁྲུག་པ་དང་། སྡུག་

D8.017.0302a05.01
6

བསྔལ་གྱི་ཕུང་པོ་ཆེན་པོ་འདི་རྣམས་འགག་པ་ནི་དབེན་པར་ཡིད་ལ་བྱའོ། །རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་དང་། སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་རྣམས་འགག་པ་ནི་སྟོང་པ་

D8.017.0302a06.01
7

ཉིད་དུ་ཡིད་ལ་བྱའོ། །རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་དང་། སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་རྣམས་འགག་པ་ནི་མཚན་མ་{མྱེད་,མེད་}པ་ཉིད་དུ་ཡིད་ལ་བྱའོ། །རྒ་ཤི་དང་།

D8.017.0302a07.01