shes rab kyi pha rol tu phyin pa stong phrag brgya pa/
当前为德格木刻版 247b。藏文 NFD 原样保留,并提供可引用的稳定行号。
- 本页内容
- 藏文原典 · 德格版页
- 德格版页
- 247b
- 可引用原文
- 7 行
- 全文规模
- 全经 65909 稳定行段
- 责任者
- 藏译责任依各经题记;本批次未逐条裁决
- 正文语种
- 藏文
- 权利
- Public Domain;保留固定提交、版本边界与来源署名
函目录 · 13 函第 17 函 · 德格 247b
选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。
我的选文{མྱེད་,མེད་}དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ཆོས་མ་སྐྱེས་པ་རྣམས་ཀྱི་སྐྱེ་བ་{མྱེད་,མེད་}པ་ཡང་བདག་གིས་ནི་བརྗོད་པར་སྤོབས་པ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདི་ལྟར་མ་སྐྱེས་པའི་ཆོས་གང་ཡིན་པ་དང་། སྐྱེ་བ་མེད་པ་གང་ཡིན་པ་དང་། སྤོབས་པ་གང་ཡིན་པ་དང་། བརྗོད་པ་གང་ཡིན་པ་དང་། {མྱི་,མི་}སྐྱེ་བ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ཀྱང་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན། གཟུགས་{མྱེད་,མེད་}པ་བལྟར་མེད་པ་ཐོགས་པ་མེད་པ་སྟེ། འདི་ལྟར་མཚན་ཉིད་མེད་
པར་མཚན་ཉིད་གཅིག་པ་དག་གོ །སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་བརྗོད་པ་ནི་སྐྱེ་བ་{མྱེད་,མེད་}ཅེས་བྱ་བ་ཡིན་ཏེ། སྤོབས་པ་ཡང་སྐྱེ་བ་མེད་ལ་ཆོས་ཀྱང་སྐྱེ་བ་{མྱེད་,མེད་}དེ། གང་ལས་བརྩམས་ཤིང་བརྗོད་པར་སྤོབས་པའི་ཆོས་དེ་དག་ཀྱང་སྐྱེ་བ་མེད་པ་ཡིན་ནམ།རབ་འབྱོར་ཀྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ཏེ། བརྗོད་པ་ནི་མ་སྐྱེས་པའོ། །སྤོབས་པ་ནི་མ་སྐྱེས་པའོ། །ཆོས་ནི་མ་སྐྱེས་པའོ། །གང་ལས་བརྩམས་ཏེ་སྨྲ་བར་སྤོབས་པའི་ཆོས་དེ་དག་ཀྱང་མ་སྐྱེས་པའོ། །དེ་ཅིའི་ཕྱིར་ཞེ་ན།
ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་ནི་འདི་ལྟར་གཟུགས་སྐྱེ་བ་{མྱེད་,མེད་}དོ། །ཚོར་བ་སྐྱེ་བ་མེད་དོ། །འདུ་ཤེས་སྐྱེ་བ་མེད་དོ། །འདུ་བྱེད་སྐྱེ་བ་{མྱེད་,མེད་}དོ། །རྣམ་པར་ཤེས་པ་སྐྱེ་བ་མེད་དོ། །{མྱིག་,མིག་}སྐྱེ་བ་{མྱེད་,མེད་}དོ། །རྣ་བ་སྐྱེ་བ་{མྱེད་,མེད་}དོ། །སྣ་སྐྱེ་བ་མེད་དོ། །ལྕེ་སྐྱེ་བ་{མྱེད་,མེད་}དོ། །ལུས་སྐྱེ་བ་{མྱེད་,མེད་}དོ། །ཡིད་སྐྱེ་བ་{མྱེད་,མེད་}དོ། །གཟུགས་སྐྱེ་བ་{མྱེད་,མེད་}དོ། །སྒྲ་སྐྱེ་བ་{མྱེད་,མེད་}དོ། །དྲི་སྐྱེ་བ་{མྱེད་,མེད་}དོ། །རོ་སྐྱེ་བ་{མྱེད་,མེད་}དོ། །རེག་སྐྱེ་བ་{མྱེད་,མེད་}དོ། །ཆོས་སྐྱེ་བ་{མྱེད་,མེད་}དོ། །{མྱིག་,མིག་}གི་རྣམ་པར་ཤེས་པ་སྐྱེ་བ་{མྱེད་,མེད་}དོ། །རྣ་བའི་རྣམ་པར་ཤེས་པ་སྐྱེ་བ་{མྱེད་,མེད་}དོ། །སྣའི་རྣམ་པར་
ཤེས་པ་སྐྱེ་བ་{མྱེད་,མེད་}དོ། །ལྕེའི་རྣམ་པར་ཤེས་པ་སྐྱེ་བ་{མྱེད་,མེད་}དོ། །ལུས་ཀྱི་རྣམ་པར་ཤེས་པ་སྐྱེ་བ་{མྱེད་,མེད་}དོ། །ཡིད་ཀྱི་རྣམ་པར་ཤེས་པ་སྐྱེ་བ་{མྱེད་,མེད་}དོ། །{མྱིག་,མིག་}གི་འདུས་ཏེ་རེག་པ་སྐྱེ་བ་{མྱེད་,མེད་}དོ། །རྣ་བའི་འདུས་ཏེ་རེག་པ་སྐྱེ་བ་{མྱེད་,མེད་}དོ། །སྣའི་འདུས་ཏེ་རེག་པ་སྐྱེ་བ་
版本与引用信息
母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。
- 目录
- 德格目录 D8
- 德格版页
- 247b
- 显示
- 忠实保留藏文原典·未添加机器译文
研究边界
书目关系边界:BDRC WA0RK0008 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。
归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。