完整藏文原文 · 德格版页 当前仅加载第 17 函德格 3b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
པར་སྤོང་བ་དབེན་པ་ཡང་གཞན་མ་ཡིན། ཡང་དག་པར་སྤོང་བ་ངོ་བོ་ཉིད་{མྱེད་,མེད་}པ་ཡང་གཞན་མ་ཡིན། བྱང་ཆུབ་སེམས་དཔའ་ཡང་གཞན་མ་ཡིན། སྔོན་གྱི་མཐའ་ཡང་གཞན་མ་ཡིན། ཕྱི་མའི་མཐའ་ཡང་གཞན་མ་ཡིན། དབུས་ཀྱང་གཞན་མ་ཡིན་
D8.017.0003b01.01ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ལྟར་ན། ཡང་དག་པར་སྤོང་བ་{མྱེད་,མེད་}པ་གང་ཡིན་པ་དང་། ཡང་དག་པར་སྤོང་བ་སྟོང་པ་ཉིད་གང་ཡིན་པ་དང་། ཡང་དག་པར་སྤོང་བ་དབེན་པ་གང་ཡིན་པ་དང་། ཡང་དག་པར་སྤོང་བ་ངོ་བོ་ཉིད་{མྱེད་,མེད་}པ་གང་ཡིན་པ་དང་།
D8.017.0003b02.01བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། སྔོན་གྱི་མཐའ་གང་ཡིན་པ་དང་། ཕྱི་མའི་མཐའ་གང་ཡིན་པ་དང་། དབུས་གང་ཡིན་པ་དེ་ཐམས་ཅད་ཀྱང་གཉིས་སུ་{མྱེད་,མེད་}དེ་གཉིས་སུ་བྱར་{མྱེད་,མེད་}དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྫུ་འཕྲུལ་གྱི་རྐང་པ་
D8.017.0003b03.01{མྱེད་,མེད་}པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་{མྱི་,མི་}{དམྱིགས་,དམིགས་}སོ། །རྫུ་འཕྲུལ་གྱི་རྐང་པ་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་{དམྱིགས་,དམིགས་}སོ། །རྫུ་འཕྲུལ་གྱི་རྐང་པ་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་
D8.017.0003b04.01མཐར་{མྱི་,མི་}{དམྱིགས་,དམིགས་}སོ། །རྫུ་འཕྲུལ་གྱི་རྐང་པ་ངོ་བོ་ཉིད་{མྱེད་,མེད་}པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་{མྱི་,མི་}{དམྱིགས་,དམིགས་}སོ། །རྫུ་འཕྲུལ་གྱི་རྐང་པ་{མྱེད་,མེད་}པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་{མྱི་,མི་}{དམྱིགས་,དམིགས་}སོ། །རྫུ་འཕྲུལ་གྱི་རྐང་པ་
D8.017.0003b05.01སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་{མྱི་,མི་}{དམྱིགས་,དམིགས་}སོ། །རྫུ་འཕྲུལ་གྱི་རྐང་པ་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་{མྱི་,མི་}{དམྱིགས་,དམིགས་}སོ། །རྫུ་འཕྲུལ་གྱི་རྐང་པ་ངོ་བོ་ཉིད་{མྱེད་,མེད་}པའི་ཕྱིར། བྱང་
D8.017.0003b06.01ཆུབ་སེམས་དཔའ་ཕྱི་མའི་མཐར་{མྱི་,མི་}{དམྱིགས་,དམིགས་}སོ། །རྫུ་འཕྲུལ་གྱི་རྐང་པ་{མྱེད་,མེད་}པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་{མྱི་,མི་}{དམྱིགས་,དམིགས་}སོ། །རྫུ་འཕྲུལ་གྱི་རྐང་པ་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་{མྱི་,མི་}
D8.017.0003b07.01