完整藏文原文 · 德格版页 当前仅加载第 17 函德格 93b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
དང་། སྨོན་པ་{མྱེད་,མེད་}པ་སྟོང་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །མངོན་པར་ཤེས་པ་རྣམས་སྟོང་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ཏིང་ངེ་འཛིན་རྣམས་སྟོང་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །གཟུངས་ཀྱི་སྒོ་རྣམས་སྟོང་པ་སྟེ།
D8.017.0093b01.01གང་དང་ཡང་བྲལ་བས་མ་ཡིན་ནོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་སྟོང་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །{མྱི་,མི་}འཇིགས་པ་བཞི་སྟོང་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །སོ་སོ་ཡང་དག་པར་རིག་པ་བཞི་སྟོང་པ་སྟེ། གང་དང་ཡང་
D8.017.0093b02.01བྲལ་བས་མ་ཡིན་ནོ། །བྱམས་པ་ཆེན་པོ་སྟོང་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །སྙིང་རྗེ་ཆེན་པོ་སྟོང་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་{བཅྭོ་,བཅོ་}བརྒྱད་སྟོང་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །དེ་ཅིའི་
D8.017.0093b03.01ཕྱིར་ཞེ་ན། འདི་ལྟར་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། སྟོང་པ་གང་ཡིན་པ་དེ་ནི་དངོས་པོ་{མྱེད་,མེད་}པ་དང་ཟད་པ་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། ཆོས་ཐམས་ཅད་ནི་སྟོང་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ།། །།
D8.017.0093b04.01ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་དྲུག་པ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གཞན་ཡང་ཆོས་ཐམས་ཅད་ནི་མཚན་མ་{མྱེད་,མེད་}པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་
D8.017.0093b05.01ཆོས་ཐམས་ཅད་མཚན་མ་{མྱེད་,མེད་}པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་པ་དེ་དག་གང་ཡིན། །སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གཟུགས་མཚན་མ་{མྱེད་,མེད་}པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ཚོར་བ་མཚན་མ་{མྱེད་,མེད་}པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །
D8.017.0093b06.01འདུ་ཤེས་མཚན་མ་{མྱེད་,མེད་}པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །འདུ་བྱེད་མཚན་མ་{མྱེད་,མེད་}པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །རྣམ་པར་ཤེས་པ་མཚན་མ་{མྱེད་,མེད་}པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། {མྱིག་,མིག་}མཚན་མ་
D8.017.0093b07.01