shes rab kyi pha rol tu phyin pa stong phrag brgya pa/
当前为德格木刻版 136b。藏文 NFD 原样保留,并提供可引用的稳定行号。
- 本页内容
- 藏文原典 · 德格版页
- 德格版页
- 136b
- 可引用原文
- 7 行
- 全文规模
- 全经 65909 稳定行段
- 责任者
- 藏译责任依各经题记;本批次未逐条裁决
- 正文语种
- 藏文
- 权利
- Public Domain;保留固定提交、版本边界与来源署名
函目录 · 13 函第 17 函 · 德格 136b
选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。
我的选文རྗེས་སུ་མཐོང་། ཆོས་ཐམས་ཅད་སྒྲ་བརྙན་དང་འདྲ་བར་ཡང་དག་པར་རྗེས་སུ་མཐོང་། ཆོས་ཐམས་ཅད་མིག་ཡོར་དང་འདྲ་བར་ཡང་དག་པར་རྗེས་སུ་མཐོང་། ཆོས་ཐམས་ཅད་སྤྲུལ་པ་དང་འདྲ་བར་ཡང་དག་པར་རྗེས་སུ་མཐོང་བས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བསྟན་པ་འདི་ཐོས་ན་མི་འཇིགས་{མྱི་,མི་}སྡང་སྐྲག་པར་{མྱི་,མི་}འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་གི་ཚེ།
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། ཆོས་དེ་དག་ལ་འདི་ལྟར་ཡོངས་སུ་རྟོག་པ་དེའི་ཚེ། འདི་ནི་གཟུགས་ཞེས་བགྱི་བར་གཟུགས་ལ་{མྱི་,མི་}{དམྱིགས་,དམིགས་}ཤིང་མི་ལེན་{མྱི་,མི་}གནས་ཏེ། མངོན་པར་ཞེན་པར་{མྱི་,མི་}བགྱིད་ལ་འདོགས་པར་{མྱི་,མི་}བགྱིད་དོ། །དེའི་ཚེ་འདི་ནི་ཚོར་བ་ཞེས་བགྱི་བར་ཚོར་བ་ལ་{མྱི་,མི་}{དམྱིགས་,དམིགས་}ཤིང་{མྱི་,མི་}ལེན་{མྱི་,མི་}གནས་ཏེ། མངོན་པར་ཞེན་པར་མི་བགྱིད་ལ་འདོགས་པར་{མྱི་,མི་}བགྱིད་དོ། །དེའི་ཚེ་འདི་ནི་འདུ་ཤེས་ཞེས་བགྱི་བར་འདུ་ཤེས་ལ་{མྱི་,མི་}{དམྱིགས་,དམིགས་}ཤིང་{མྱི་,མི་}ལེན་{མྱི་,མི་}གནས་ཏེ། མངོན་པར་ཞེན་པར་{མྱི་,མི་}བགྱིད་
ལ་འདོགས་པར་མི་བགྱིད་དོ། །དེའི་ཚེ་འདི་ནི་འདུ་བྱེད་ཅེས་བགྱི་བར་འདུ་བྱེད་ལ་{མྱི་,མི་}{དམྱིགས་,དམིགས་}ཤིང་{མྱི་,མི་}ལེན་{མྱི་,མི་}གནས་ཏེ། མངོན་པར་ཞེན་པར་{མྱི་,མི་}བགྱིད་ལ་འདོགས་པར་{མྱི་,མི་}བགྱིད་དོ། །དེའི་ཚེ་འདི་ནི་རྣམ་པར་ཤེས་པ་ཞེས་བགྱི་བར་རྣམ་པར་ཤེས་པ་ལ་{མྱི་,མི་}{དམྱིགས་,དམིགས་}ཤིང་{མྱི་,མི་}ལེན་{མྱི་,མི་}གནས་ཏེ། མངོན་པར་ཞེན་པར་མི་བགྱིད་ལ་འདོགས་པར་{མྱི་,མི་}བགྱིད་དོ། །དེའི་ཚེ་འདི་ནི་{མྱིག་,མིག་}ཅེས་བགྱི་བར་{མྱིག་,མིག་}ལ་{མྱི་,མི་}{དམྱིགས་,དམིགས་}ཤིང་{མྱི་,མི་}ལེན་{མྱི་,མི་}གནས་ཏེ། མངོན་པར་ཞེན་པར་{མྱི་,མི་}བགྱིད་ལ་འདོགས་པར་{མྱི་,མི་}བགྱིད་དོ། །དེའི་ཚེ་འདི་ནི་རྣ་བ་ཞེས་བགྱི་བར་རྣ་བ་ལ་{མྱི་,མི་}{དམྱིགས་,དམིགས་}
ཤིང་{མྱི་,མི་}ལེན་{མྱི་,མི་}གནས་ཏེ། མངོན་པར་ཞེན་པར་{མྱི་,མི་}བགྱིད་ལ་འདོགས་པར་{མྱི་,མི་}བགྱིད་དོ། །དེའི་ཚེ་འདི་ནི་སྣ་ཞེས་བགྱི་བར་སྣ་ལ་{མྱི་,མི་}{དམྱིགས་,དམིགས་}ཤིང་{མྱི་,མི་}ལེན་{མྱི་,མི་}གནས་ཏེ། མངོན་པར་ཞེན་པར་མི་བགྱིད་ལ་འདོགས་པར་མི་བགྱིད་དོ། །དེའི་ཚེ་འདི་ནི་ལྕེ་ཞེས་བགྱི་བར་ལྕེ་ལ་{མྱི་,མི་}
版本与引用信息
母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。
- 目录
- 德格目录 D8
- 德格版页
- 136b
- 显示
- 忠实保留藏文原典·未添加机器译文
研究边界
书目关系边界:BDRC WA0RK0008 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。
归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。