shes rab kyi pha rol tu phyin pa stong phrag brgya pa/
当前为德格木刻版 105b。藏文 NFD 原样保留,并提供可引用的稳定行号。
- 本页内容
- 藏文原典 · 德格版页
- 德格版页
- 105b
- 可引用原文
- 7 行
- 全文规模
- 全经 65909 稳定行段
- 责任者
- 藏译责任依各经题记;本批次未逐条裁决
- 正文语种
- 藏文
- 权利
- Public Domain;保留固定提交、版本边界与来源署名
函目录 · 13 函第 17 函 · 德格 105b
选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。
我的选文བཅུ་ཟག་པ་{མྱེད་,མེད་}པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །{མྱི་,མི་}འཇིགས་པ་བཞི་ཟག་པ་{མྱེད་,མེད་}པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །སོ་སོ་ཡང་དག་པར་རིག་པ་བཞི་ཟག་པ་{མྱེད་,མེད་}པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །བྱམས་པ་ཆེན་པོ་ཟག་པ་{མྱེད་,མེད་}པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །སྙིང་རྗེ་ཆེན་པོ་ཟག་པ་{མྱེད་,མེད་}པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་{བཅྭོ་,བཅོ་}བརྒྱད་ཟག་པ་{མྱེད་,མེད་}པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདི་ལྟར་གང་ཟག་པ་{མྱེད་,མེད་}པ་དེ་ནི་
དངོས་པོ་{མྱེད་,མེད་}པ་དང་ཟད་པ་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན་ཆོས་ཐམས་ཅད་ནི་ཟག་པ་{མྱེད་,མེད་}པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གཞན་ཡང་ཆོས་ཐམས་ཅད་ནི་ཉོན་མོངས་པ་{མྱེད་,མེད་}པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཆོས་ཐམས་ཅད་ཉོན་མོངས་པ་{མྱེད་,མེད་}པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་པ་དེ་དག་གང་ཡིན་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གཟུགས་ཉོན་མོངས་པ་{མྱེད་,མེད་}པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ཚོར་བ་ཉོན་མོངས་པ་{མྱེད་,མེད་}
པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །འདུ་ཤེས་ཉོན་མོངས་པ་{མྱེད་,མེད་}པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །འདུ་བྱེད་ཉོན་མོངས་པ་{མྱེད་,མེད་}པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །རྣམ་པར་ཤེས་པ་ཉོན་མོངས་པ་{མྱེད་,མེད་}པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། {མྱིག་,མིག་}ཉོན་མོངས་པ་{མྱེད་,མེད་}པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །རྣ་བ་ཉོན་མོངས་པ་{མྱེད་,མེད་}པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །སྣ་ཉོན་མོངས་པ་{མྱེད་,མེད་}པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ལྕེ་ཉོན་མོངས་པ་{མྱེད་,མེད་}པ་སྟེ། གང་དང་ཡང་བྲལ་
བས་མ་ཡིན་ནོ། །ལུས་ཉོན་མོངས་པ་{མྱེད་,མེད་}པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ཡིད་ཉོན་མོངས་པ་{མྱེད་,མེད་}པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གཟུགས་ཉོན་མོངས་པ་{མྱེད་,མེད་}པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །སྒྲ་ཉོན་མོངས་པ་
版本与引用信息
母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。
- 目录
- 德格目录 D8
- 德格版页
- 105b
- 显示
- 忠实保留藏文原典·未添加机器译文
研究边界
书目关系边界:BDRC WA0RK0008 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。
归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。