shes rab kyi pha rol tu phyin pa stong phrag brgya pa/
当前为德格木刻版 363a。藏文 NFD 原样保留,并提供可引用的稳定行号。
- 本页内容
- 藏文原典 · 德格版页
- 德格版页
- 363a
- 可引用原文
- 7 行
- 全文规模
- 全经 65909 稳定行段
- 责任者
- 藏译责任依各经题记;本批次未逐条裁决
- 正文语种
- 藏文
- 权利
- Public Domain;保留固定提交、版本边界与来源署名
函目录 · 13 函第 17 函 · 德格 363a
选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。
我的选文དག་དེ་ལྟ་བས་ན་ལ་ལ་ཞིག་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་གནས་པར་འདོད་ཅིང་། རྒྱུན་ཏུ་ཞུགས་པའི་འབྲས་བུ་མངོན་དུ་བྱ་བར་འདོད་ན་ཡང་། བཟོད་པ་འདི་ལ་{མྱི་,མི་}བརྟེན་དུ་{མྱི་,མི་}རུང་ངོ་། །ལ་ལ་ཞིག་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་གནས་པར་འདོད་ཅིང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་དུ་བྱ་བར་འདོད་ན་ཡང་། བཟོད་པ་འདི་ལ་{མྱི་,མི་}བརྟེན་དུ་{མྱི་,མི་}རུང་ངོ་། །ལ་ལ་ཞིག་ཕྱིར་{མྱི་,མི་}འོང་བའི་འབྲས་བུ་ལ་གནས་པར་འདོད་ཅིང་། ཕྱིར་{མྱི་,མི་}འོང་བའི་འབྲས་བུ་མངོན་དུ་བྱ་
བར་འདོད་ན་ཡང་། བཟོད་པ་འདི་ལ་{མྱི་,མི་}བརྟེན་དུ་{མྱི་,མི་}རུང་ངོ་། །ལ་ལ་ཞིག་དགྲ་བཅོམ་པ་ཉིད་ལ་གནས་པར་འདོད་ཅིང་། དགྲ་བཅོམ་པ་ཉིད་མངོན་དུ་བྱ་བར་འདོད་ན་ཡང་། བཟོད་པ་འདི་ལ་{མྱི་,མི་}བརྟེན་དུ་{མྱི་,མི་}རུང་ངོ་། །ལ་ལ་ཞིག་རང་བྱང་ཆུབ་ལ་གནས་པར་འདོད་ཅིང་། རང་བྱང་ཆུབ་མངོན་ཏུ་བྱ་བར་འདོད་ན་ཡང་། བཟོད་པ་འདི་ལ་མི་བརྟེན་དུ་{མྱི་,མི་}རུང་ངོ་། །ལ་ལ་ཞིག་བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གནས་པར་འདོད་ཅིང་། བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་
དུ་བྱ་བར་འདོད་ན་ཡང་། བཟོད་པ་འདི་ལ་{མྱི་,མི་}བརྟེན་དུ་{མྱི་,མི་}རུང་ངོ་། །ལྷའི་བུ་དག་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་དང་པོ་བསྐྱེད་པ་ནས་བརྗོད་པ་དང་། མཉན་དུ་{མྱེད་,མེད་}པའི་ཕྱིར་ཤེས་རབ་ཀྱི་ཕ་{རོལད་,རོལ་}ཏུ་{ཕྱིནད་,ཕྱིན་}པ་ལ་གནས་པར་བྱའོ། །ཤེས་རབ་ཀྱི་ཕ་{རོལད་,རོལ་}ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས་ལེའུ་བཅུ་བཞིའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་{ཕྱིནད་,ཕྱིན་}པ་སྟོང་ཕྲག་བརྒྱ་པ། །བམ་པོ་ཉི་ཤུ་ལྔ་པ། །དེ་ནས་ལྷའི་བུ་དེ་
དག་འདི་སྙམ་དུ་སེམས་པར་གྱུར་ཏེ། གནས་བརྟན་རབ་འབྱོར་ལ་ཆོས་ཉན་པ་རྣམ་པ་ཇི་ལྟ་བུ་དག་བཙལ་བར་བྱ་སྙམ་པ་དང་། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཀྱི་སེམས་ཀྱིས་ལྷའི་བུ་དེ་དག་གི་སེམས་ཀྱི་རྣམ་པར་རྟོག་པ་སེམས་ཀྱིས་ཡོངས་སུ་ཤེས་ནས་
版本与引用信息
母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。
- 目录
- 德格目录 D8
- 德格版页
- 363a
- 显示
- 忠实保留藏文原典·未添加机器译文
研究边界
书目关系边界:BDRC WA0RK0008 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。
归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。